e-texts navigator
Collection
Volume
Page
Wylie

188b1 སྒྲ་དང་བརྡའི་ཚིག་རབ་ཏུ་དབྱེ་བས་ཆེས་མི་སྟོན་ཏོ།། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་བཅོམ་ལྡན་འདས་དེའི་དྲུང་དུ་ལྷགས་ཏེ། མིག་མི་འཛུམས་པས
188b2 བལྟས་པས། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ལུང་བསྟན་པ་བྱིན་ནོ།། དེའི་ཕྱིར་ན་འཇིག་རྟེན་གྱི
188b3 ཁམས་དེ་ཡང་མི་འཛུམ་པ་ཞེས་བྱའོ།། དེ་ལ་སངས་རྒྱས་ཀྱི་རྗེས་སུ་དྲན་པ་གང་ཞེ་ན། གངྒཱ་གཟུགས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ། ཚེ་དང་། རིགས་དང་།
188b4 རུས་དང་། ཚེ་རིགས་རབ་ཏུ་མ་ཕྱེ་བ། སྔོན་གྱི་མཐའི་དཀར་པོའི་སྤྱོད་པས་རབ་ཏུ་མ་ཕྱེ་བ། ཕྱི་མའི་མཐའི་ཡེ་ཤེས་ལ་སེམས་པས་རབ་ཏུ་མ་ཕྱེ་བ། ད་ལྟར
188b5 བྱུང་བ་གནས་པས་རབ་ཏུ་མ་ཕྱེ་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རབ་ཏུ་མ་ཕྱེ་བ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་།
188b6 རྣམ་པར་རིག་པས་རབ་ཏུ་མ་ཕྱེ་བ། སེམས་དང་། ཡིད་དང་། རྣམ་པར་ཤེས་པས་རབ་ཏུ་མ་ཕྱེ་བ། སྤྲོས་པ་དང་། རྒྱུ་བས་རབ་ཏུ་མ་ཕྱེ་བ། སྐྱེ་བ་དང་།
188b7 གནས་པ་དང་། འཇིག་པས་རབ་ཏུ་མ་ཕྱེ་བ། གཟུང་བ་དང་། བརྩོད་པ་དང་། བཏང་བས་རབ་ཏུ་མ་ཕྱེ་བ། དྲན་པ་དང་། ཡིད་ལ་བྱེད་པས་རབ་ཏུ་མ་ཕྱེད
188b8 རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པས་རབ་ཏུ་མ་ཕྱེ་བ། ཆོས་ཀྱི་མཚན་ཉིད་དང་། རང་གི་མཚན་ཉིད་ཀྱིས་རབ་ཏུ་མ་ཕྱེ་བ། ཅིག་དང་།




iiif viewer powered by OpenSeadragon

188a - 189a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo