e-texts navigator
Collection
Volume
Page
Wylie

188a1 ཟོསཔའི་སྒྲ་ཡང་མེད། དགེ་འདུན་ཐ་དད་པའི་སྒྲ་ཡང་མེད། བཟའ་བ་དང་། བཏུང་བ་དང་། བཀྲེས་པ་དང་། སྐོམ་པའི་སྒྲ་ཡང་མེད། ངར།
188a2 འཛིན་པ་དང་། ང་ཡིར་འཛིན་པ་དང་། ཡོངས་སུ་གཟུང་བའི་སྒྲ་ཡང་མེད། བདུད་ཀྱི་ལྟ་བ་ཀུན་ནས་ལྡང་དང་། བག་ཆགས་ཀྱི་སྒྲ་སང་མེད་དོ།། འཇིག་རྟེན་གྱི
188a3 ཁམས་དེ་ནི་ཡངས་ཤིང་རྒྱ་ཆེ་སྟེ། གླིང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་བཅུ་ཡོད་དེ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་ཉི་མ་དང་། ཟླ་བ་ཅིག་གིས་འོད་ཀྱི་ཀུན་སྣང
188a4 ངོ་།། འཇིག་རྟེན་གྱི་ཁམས་ཡང་ལག་འཐིལ་བཞིན་དུ་མཉམ་ཞིང་བཻ་ཌཱུརྱ་སྔོན་པོའི་ས་གཞི་ལ་རིན་པོ་ཆེ་ཐམས་ཅད་ཀྱི་པད་མོས་རབ་ཏུ་སྤྲས་ཏེ། ཀ་ཙ་ལིན་ད་ལྟར
188a5 འཇམ་ཞིང་རེག་པ་ན་བདེ་བ། རེ་འུར་བྲིས་ཤིང་རིན་པོ་ཆེའི་ཤིང་གི་ར་བས་ཀུན་ཏུ་བརྒྱན་པ། རྟག་ཏུ་མེ་ཏོག་རྒྱས་པར་མཛེས་པར་བྱས་པ། རྡོ་དང་། གསེག་མ་དང་།
188a6 གྱོ་མོ་དང་། བོང་བ་དང་། རི་ནག་པོ་མེད་དོ།། རི་རབ་ཀྱི་ཤིན་ཏུ་བརྒྱན་པ། ལྷ་དང་། མི་ཀུན་ལོངས་སྤྱོད་དང་། བྱེ་བྲག་མེད་ཅིང་སེམས་ཅད་དེ་དག་གི་ཟས
188a7 ཀྱང་ཆོས་ཀྱི་དགའ་བ་དང་། བསམ་གཏན་གྱི་ཟས་ཏེ། འཇིག་རྟེན་གྱི་ཁམས་དེ་ནི་ཀུན་ཏུ་བཟང་པོའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
188a8 སངས་རྒྱས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་མ་ཏོགས་པར་རྒྱལ་པོ་གཞན་གང་ཡང་མེད་དོ།། བཅོམ་ལྡན་འདས་དེ་ཡང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡི་གེ་དང་།




iiif viewer powered by OpenSeadragon

187b - 188b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo