| e-texts navigator |
| Wylie |
187b1 བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་ལ་གཏོར་ནས་ཆེད་དུ་བརྗོད་པ་འདི་སྐད་བརྗོད་དོ།། སྐྱེས་བུ་དམ་པ་འདི་འདྲ་བ་བལྟ
187b2 བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་རྙེད་པ་ནི་བདག་གིས་ཐོབ་པ་རབ་ཏུ་ཐོབ་པོ།། གང་གིས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ལེགས་པ་འདི་ཐོས་ན།།
187b3 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་གིས་ཀྱང་ཐོབ་པ་རབ་ཏུ་ཐོབ་པོ།། དེ་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་སུམ
187b4 ཅུ་རྩ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཤ་རིའི་བུ་ལ་བཀའ་སྩལ་པ།
187b5 ཤ་ར་དྭ་ཏིའི་བུ་ཡང་མི་འཛུམས་པའི་འཇིག་རྟེན་གྱི་ཁམས་དེ་ངན་སོང་དང་། མི་ཁོམ་པ་དང་། སྡུག་བསྔལ་གྱི་སྒྲ་ཡང་མེད། ལྟུང་བའི་འཕྲུལ་པ་དང་། ཉོན་མོངས་པའི
187b6 སྒྲ་ཡང་མེད། ལོག་པའི་ཡོན་ཏན་དང་སླབ་པ་ལས་འདས་པའི་སྒྲ་ཡང་མེད། བུད་མེད་དུ་སྐྱེ་བར་འགྱུར་བའི་སྒྲ་ཡང་མེད། སེར་སྣ་དང་ངན་པའི་ངང་ཚུལ་དང་།
187b7 གནོད་སེམས་དང་། ལེ་ལོ་དང་། གཡེང་བ་དང་། འཆལ་བའི་ཤེས་རབ་ཀྱི་སྒྲ་ཡང་མེད། སྒྲིབ་པ་དང་། ཆོད་པ་དང་། ཀུན་ནས་ལྡང་བ་དང་། བག་ཆགས་ཀྱི
187b8 སྒྲ་ཡང་མེད། རབ་འབྲིང་ཐ་མའི་སྒྲ་ཡང་མེད། སེམས་ཅན་དང་། ཐེག་པ་དང་། ཤིང་ཐ་དད་པའི་སྒྲ་ཡང་མེད། སངས་རྒྱས་ཐ་དད་པའི་སྒྲ་ཡང་མེད། ཆོས་ཐ་དད་།