| e-texts navigator |
| Wylie |
187a1 ཟོ་ཟོན། @#རིགས་མ་ཆད་པར་བྱེད་པ། ནོར་བུ་རིན་པོ་ཆེ་ལྟ་བུར་བསམ་པ་དག་ཅིང་ཕྱི་ནང་དུ་བློ་རབ་ཏུ་སྦྱངས་པ། མཚན་དང་དཔེ་བྱད་བཟང་པོའི
187a2 མཆོག་དང་། རང་གི་གཟི་བརྗིད་ཀྱི་རྒྱན་དང་། དགེ་བའི་རྩ་བ་བརྒྱ་སྟོང་གིས་ཤིན་ཏུ་བརྒྱན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བར་སྐྱེ་བ་གཅིག་གིས་ཐོགས
187a3 བྱས་རྒྱལ་ཆབ་ཏུ་གྱུར་པ། སེམས་ཅན་ཐམས་ཅད་ཀྱིས་མོས་པ་དང་། རྣམ་པར་གྲོལ་བ་དང་། གདུལ་བ་རྣམས་འདུལ་བའི་ཆོ་ག་ཤེས་པ་བྱང་ཆུབ་ཀྱི་སའི་སྙིང་པོ
187a4 རྡོ་རྗེའི་གདན་མནན་པ་དང་། རྣམ་པར་མནན་པ་ལ་མི་འཇིགས་པའི་ཐབས་ཤེས་པ། སངས་རྒྱས་ཐམས་ཅད་ཀྱི་བྱ་བ་དང་། སངས་རྒྱས་ཀྱི་སྐུ་རབ་ཏུ་སྟོན
187a5 ཅིང་། རབ་ཏུ་གཟུང་བ་དང་། ཚར་གཅོད་པས་སེམས་པ་ཞིང་དབང་བྱེད་པ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་རབ་ཏུ་བསྐོར་བ་ཤ་སྟག་སྟེ། ཤ་ར་ད
187a6 ཏིའི་བུ་བཅོམ་ལྡན་འདས་དེའི་དགེ་འདུན་ནི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་གི
187a7 འདི་ལྟ་བུའི་སྔགས་པ་དང་། ཡོན་ཏན་གྱི་ལེགས་པ་འདི་ཐོས་ནས་དགའ་ཞིང་མགུ་རངས་ཏེ། རབ་ཏུ་དགའ་བ་དང་། མོས་པ་དང་། ཡིད་པ་བདེ་བ་སྐྱེས་ནས།
187a8 འཕྲུལ་གྱི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མ་ཏ་དང་། པུན་འདའ་རིཀ་དང་། མན་འདའ་ར་བ་དང་། མན་འདའ་ར་བ་ཆེན་པོས་བཅོམ་ལྡན་འདས་དང་།