| e-texts navigator |
| Wylie |
186b1 པ་ཡོད་པ་དང་། མེད་པ་དང་། གཉིས་ཀའི་མཐར་ལྟ་བ་དང་བྲལ་བ། དབུ་མའི་ལམ་དུ་ཞུགས་པ་བདག་དང་། བདག་གི་དང་། སེམས་ཅན་དང་། སྲོག་དང་།
186b2 སྐྱེ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། རྟག་པ་དང་།
186b3 ཆད་པ་དང་། འབྱུང་བ་དང་། འཇིག་པ་དང་། ལྟ་བར་གྱུར་པའི་ཀུན་ནས་ལྟ་བ་ཐམས་ཅད་དང་བྲལ་བ། གཟུངས་དང་། མདོའི་རྒྱལ་པོ་དང་། དེ་བཞིན
186b4 གཤེགས་པའི་ཕྱག་རྒྱས་བཏབ་པ། ཆགས་པ་མེད་པའི་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཀྱིས། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྒྲ་སྦགས་ཀྱང་།
186b5 སྤོབས་པ་རྒྱུན་མི་འཆད་པ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་སྟོན་པས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་དང་། འགྲོ་བ
186b6 འོང་བ་ལས་མཁས་པ་འཇིགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཀུན་ཆགས་པ་དང་། སེང་གེའི་སྒྲས་མངོན་པར་སྤགས
186b7 བ། སེམས་ཅན་རབ་འབྲིང་ཐ་མ་ཐམས་ཅད་ཀྱིས་བཤེས་གཉེན་རྟེན་པ། རབ་ཏུ་མྱ་ངན་ལས་འདས་པ་ལ་འགོད་པ། ཆོས་ཀྱི་སྤྲིན་ལས་འབྲུག་གི་སྒྲ
186b8 འབྱུང་ཞིང་རིག་པ་དང་རྣམ་པར་གྲོལ་བའི་བྲག་དང་། བདུད་རྩིའི་ཆ་རབ་ཏུ་འབེབས་པ་དང་། ཆོས་རིན་པོ་ཆ་རབ་ཏུ་གཏོར་བས། དནན་ལ་ཆོགགསུམ་གྱི