e-texts navigator
Collection
Volume
Page
Wylie

186a1 @#པ་རྣམ་པར་རོལ་པ། ཤེས་རབ་ཀྱི་འོད་སྣང་བ་ཆེན་པོས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅིག་རབ་ཏུ་དབྱེ་བ་བསྟན་པའི་ཡེ་ཤེས
186a2 ལ་མཁས་པ། བྱམས་པའི་སེམས་ན་མཁའ་དང་མཚུངས་པ། སྙིང་རྗེའི་བསབ་པ་བརྟན་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཆོ་ག་ཤེས
186a3 པ་དང་། དཀའ་བས་ཆོས་ཡང་དག་པར་དགའ་བར་བྱེད་པ་དང་། ཉེས་པ་དང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་། ང་རྒྱལ་ཤིན་ཏུ་སྤངས་པ།
186a4 བཏང་སྙོམས་གཉིས་དང་བྲལ་བ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཀྱིས་ཚུལ་རབ་ཏུ་གནས་པ། བདུད་ཀྱི་ལྕགས་ཀྱུས
186a5 ཉོན་མོངས་པ་དང་། ཟབ་མོའི་རྙོག་པ་རྣམ་པར་སེལ་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པའི
186a6 རྣམ་པར་རིག་པ་དང་། སོ་སོ་ཅི་རིགས་པར་ཆོས་ཀྱི་ནོར་གྱིས་ཡེ་ཤེས་རབ་ཏུ་སྦྱིན་པ། སེམས། ས་དང་། ཆུ་དང་། མེ་དང་། རླུང་དང་འཆུངས་པ། ཕ་རོལ
186a7 རྒོལ་བ་དང་། ལོག་པའི་ཚོགས་མང་པོ་རབ་ཏུ་འཇོམ་པ། གཡུལ་ལས་རྣམ་པར་རྒྱལ་ཏེ། རྒྱལ་མཚན་དང་། བ་དན་བསྒྲེང་ཞིང་མི་ཟློག་པར་དཔའ་བ།
186a8 སངས་རྒྱས་ཀྱི་ཆོས་ཟབ་མོ་དང་། སྟོབས་བཅུ་དང་མི་འཇིག་པས། འཁོར་གྱི་འཇིགས་པ་དང་། བག་ཚ་བ་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག




iiif viewer powered by OpenSeadragon

185b - 186b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo