e-texts navigator
Collection
Volume
Page
Wylie

185a1 ཟད་པས་སྨྲས་པ། བཙུན་པ་ཤར་ད་ཏིའི་བུ་དེ་བཞིན་གཤེགས་པ་འདི་ཁྱོད་ཀྱི་མདུན་ན་འཞུགས་ཀྱིས་འདི་ལ་ཞུས་ཤིབ་དང་། དེས་ཁྱོད་ལ་པ།
185a2 ལྗོན་པར་འགྱུར་ཏེ། འཁོར་ཐམས་ཅད་ཀྱང་ཐེ་ཚོམ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ
185a3 ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་གང་ན་མཆིས། དེ་བཞིན་གཤེགས་པ་དེའི་མཚན་དང་། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ན་མཆིས། འདི
185a4 ལྟར་དེ་བཞིན་གཤེགས་པ་དེའི་མཚན་དང་། སངས་རྒྱས་ཀྱི་ཞིང་དེའི་མིང་དེ་ཐོས་ནས། ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས། བྱང་ཆུབ་ཀྱི་ཕྱིར་གོ་ཆ་གྱོན་པར
185a5 འགྱུར་བར་དེ་བཞིན་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་བདེ་བར་གཤེགས་པས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
185a6 ཤ་ར་དྭ་ཏིའི་བུ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་དང་།
185a7 བྱང་ཆུབ་སེམས་དཔའ་དེ་དག་དང་། དེ་བཞིན་གཤེགས་པ་དེའི་མིང་ཐོས་ནས། དད་པ་དང་མོས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་མི་ཆགས་ཤིང་སྒྲིབ
185a8 པ་མེད་པ་ལ་མི་སྐྲག་པར་བྱའོ།། ཐེ་ཚོམ་ཟ་བར་མི་བྱའོ།། དེ་ནས་ཚེ་དང་ལྡན་པ་ཤ་ར་ད་ཏིའི་བུས་ལེགས་སོ།། བཅོམ་ལྡན་འདས་ཞེས་གསོལ་ནས།




iiif viewer powered by OpenSeadragon

184b - 185b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo