| e-texts navigator |
| Wylie |
183a1 རྡོ་གྲོསའོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་འགྲོ་བ་ཡང་མེད་པ་དེ་ནི་འཕགས་པ་རྣམས་ཀྱིས་འགྲོ་བའོ།། བཙུན་པ་ཤ་ར་དྭ་ཏིའི་བུ
183a2 འོང་བ་ཞེས་བྱ་བ་དེ་ནི་སྨོན་ལམ་གྱི་མཚན་ཉིད་དོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་སྨོན་ལམ་ཟད་པའི་མཚན་ཉིད་དོ།། གང་ལ་སྨོན་ལམ་གྱི་མཚན་ཉིད
183a3 དང་། སྨོན་ལམ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤ
183a4 ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི། སྐྱེ་བའི་མཚན་ཉིད་དོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་འགོག་པའི་མཚན་ཉིད་དོ།། གང་ལ་སྐྱེས་པའི་མཚན་ཉིད
183a5 མེད་པ་དང་། འགོག་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང་འགྲོ་བ་མེད་པ་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤ
183a6 ར་ད་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པའི་སྒོའི་མཚན་ཉིད་དོ།། བཙུན་པ་ཤ་ར་ད་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་རྣམ་པར་རིག་པའི་སྒོ་ཟད་པའི་མཚན་ཉིད་དོ།།
183a7 བདེ་ལ་རྣམ་པར་རིག་པའི་མཚན་ཉིད་མེད་པ་དང་། རྣམ་པར་རིག་པའི་སྒོ་ཟད་པའི་མཚན་ཉིད་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དེ། འོང་བ་དང
183a8 འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་ནི་འོང་བའི་ཡུལ་ལོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི