e-texts navigator
Collection
Volume
Page
Wylie

182b1 ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་འདི་ལ་དྲིས་ཤིག་དང་། འདི་ཉིད་ལ་ཁྱོད་སྟོན་ཏོ།། དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། བྱང་ཆུབ་སེམས།
182b2 དཔའ་བློ་གྲོས་མི་ཟད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་གང་ནས་འོངས། དེ་བཞིན་གཤེགས་པའི་མཚན་དང་། འཇིག་རྟེན་གྱི་ཁམས་དེའི་མིང་ཅི
182b3 ཞེས་བྱ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ན་ཡོད། བློ་གྲོས་མི་ཟད་པས་སྨྲས་པ། གནས་བརྟན་ཤ་ར་དྭ་ཏིའི་བུ་ལ་ད་དང་ཡང་ཡོད་པ་དང་།
182b4 འགྲོ་བའི་འདུ་ཤེས་འབྱུང་ངམ། སྨྲས་པ། རིགས་ཀྱི་བུ་བདག་གིས་འདུ་ཤེས་ནི་ཀུན་ཤེས་སོ།། སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་འདུ་ཤེས་པ་ནི་གཉིས་ལ
182b5 བློ་མི་འཇུག་ན། དེ་ཅིའི་ཕྱིར་ཞེ་ན། ཁྱོད་འདི་ལྟར་ཁྱོད་གང་ནས་འོངས་སྙམ་དུ་སེམས། བཙུན་པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི
182b6 ཚིག་གོ།། གང་ལ་སྡུ་བའི་ཚི་ག་མེད་པ་དང་། བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད། འོང་བ་དང་འགྲོ་བ་མེད་པ་ནི་འཕག
182b7 པ་རྣམས་ཀྱི་འགྲོ་བའོ།། བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་ལས་ཀྱི་རང་བཞིན་གྱིས་མཚན་ཉིད་དོ།། བཙུན་པ་ཤ་ར་ད་ཏིའི་བུ་འགྲོ་བ་ཞེས
182b8 བྱ་བ་དེ་ནི་ལས་ཀྱི་རང་བཞིན་ཟད་པའི་མཚན་ཉིད་དོ།། གང་ལ་ལས་ཀྱི་རང་བཞིན་གྱི་མནན་ཉིད་མེད་པ་དང་། ལས་ཀྱི་རང་བཞིན་ཟད་པའི་མཚན་ཉིད་མེད་པ་དེ་ལ




iiif viewer powered by OpenSeadragon

182a - 183a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo