e-texts navigator
Collection
Volume
Page
Wylie

180b1 དང་ཐབས་གཅིག་སྟེ། སེམས་ཀྱི་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་།
180b2 ཅིང་རིམ་གྲོ་བྱེད་པ་ལས་བྱུང་བ། སངས་རྒྱས་ཀྱི་ཆོས་ཉན་པ་དང་། ཡོངས་སུ་ཚོལ་བས་མི་ངོམས་པ། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད
180b3 ཡོངས་སུ་སྨིན་པར་བྱ་བ་ལ་བརྩོན་པ། ཐབས་དང་ཤེས་རབ་དམ་པའི་མཆོག་ཐོབ་པ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་དང་། ཡེ་ཤེས་ལ་རབ་ཏུ་གནས
180b4 པ། རྟོག་པ་དང་། རྣམ་པར་རྟོགས་པ་དང་། སྤྲོས་པ་ཐམས་ཅད་ཤིན་ཏུ་འདས་པ། ཐམས་ཅད་མཁྱེན་པའི་ས་ལ་ཉེ་བར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ།
180b5 བྱང་ཆུབ་སེམས་དཔའ་གློག་གི་ལྷ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཡུལ་ལས་རྒྱལ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་སྣང
180b6 བའི་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པ་ལ་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཤིན་ཏུ་འཇོམས་པ་ཞེས་བྱ
180b7 བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པ་ལ་དཔའ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཤིན་ཏུ་འཇོམས་པ་ཞེས་བྱ་བ་དང་། བྱང་ཆུབ
180b8 སེམས་དཔའ་རྣམ་པར་སྒྲགས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་ལྟ་བའི་མིག་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན




iiif viewer powered by OpenSeadragon

180a - 181a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo