e-texts navigator
Collection
Volume
Page
Wylie

180a1 ཟླ་གྲོས། མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བ་མཐའ་ཡས་པའི་ཚོགས་ནི་མངལ
180a2 ཆོས་ཐམས་ཅད་ལ་དབང་ནི་བསྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྣམ་པ་མཁྱེན། དབང་པོ་དམ་པའི་མཆོག་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་ཉོན
180a3 མོངས་པའི་ངག་ཆགས་ཀྱི་མཚམས་སྦྱོར་བ། འཇོམ་པ་ལ་ནི་མཁས་པ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་རྒྱུན་མི་འཆད་དེ། དགེ་སློང་བརྒྱ་སྟོང་ཕྲག
180a4 དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་ཅང་ཤེས་པར་གྱུར་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཉོན
180a5 མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ། ཐམས་ཅད་འཇོམས་པ་ལ་བརྩོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་སྲས་སངས་རྒྱས་ཀྱི་ཆོས་ཟབ་མོ་ལ
180a6 མཁས་པ། དམིགས་པ་མེད་པའི་ཆོས་ལས་བྱུང་བ། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ། སྦྱིན་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ
180a7 ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ།། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང་ཐབས་གཅིག་སྟེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པ་གྲངས་མེད།
180a8 ཚད་མེད་པ་གྲངས་མེད་དཔག་ཏུ་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། བསྐྱེད་དུ་མེད། བརྗོད་དུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ




iiif viewer powered by OpenSeadragon

179b - 180b

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo