e-texts navigator
Collection
Volume
Page
Wylie

179b1 རྒྱ་གར་སྐད་དུ། ཨཱརྱ་ཨཀྵ། ཡ་མ་ཏི་ནི་རྡེ་ཤ་ན་མ་མ་ཧཱ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན
179b2 པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། བམ་པོ་དང་པོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ
179b3 ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། དེ་བཞིན་གཤེགས་པའི་སྤྱོད་ཡུལ། རིན་པོ་ཆེ་ཆེན་པོ་བཀོད
179b4 པའི་ཕོ་བྲང་གི་དཀྱིལ་འཁོར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས། བསོད་ནམས་རྒྱན་གྱི་ཚོགས་བསོགས་པ་སྤྱོད་པ་ཆེན་པོའི་རྒྱུ་མཐུན་པའི་འབྲས་བུ། སངས
179b5 རྒྱས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་ཆེན་པོ་གནས་ན་ཆོས་ཀྱི་དབྱིངས་མཐའ་ཡས་པར་བསྟན་པ། དེ་བཞིན་གཤེགས
179b6 པའི་རྣམ་པར་སྤྲུལ་པའི་བྱིན་གྱིས་བརླབས་ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ། དགའ་བ་ཆེན་པོ་ཡང་དག་པར་སྐྱེད་པ། དྲན་པ་དང་། བློ
179b7 གྲོས་དང་། རྟོགས་པ་ལ་འཇུག་པ། མཛེས་པའི་རྫུ་འཕྲུལ་ཀུན་ནས་མ་སྨད་པ། ཡེ་ཤེས་པར་དཔྱོད་པ་དེ་ལ་མ་ཆགས་པའི་རྟོགས་པ་ལ་འཇུག་པ། ཕྱི་མའི
179b8 མཐའི་བསྐལ་པར་མངོན་པར་བསྟོད་པ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ན




iiif viewer powered by OpenSeadragon

179a - 180a

Texts on this page

F309 - 'phags pa blo gros mi zad pas bstan pa zhes bya ba theg pa chen po'i mdo