| e-texts navigator |
| Wylie |
171a1 དག་ཏུ་གནས་པར་བྱེད་དེ། དེ་གནས་མལ་དགོན་པ་འམ། ནགས་འདབ་འམ། བས་མཐའ་དག་ན་གནས་པའི་ཆེ། ཉན་པ་པོ་ཁྱིམ་པ
171a2 དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་ཆུམས་པར་བྱེད་ཅིང་། བརྒྱལ་བ་སྐྱེད་པར
171a3 བྱེད་ལ། མང་པོ་བསྡུ་བའི་ཕྱིར་རྗེས་སུ་འཇུག་པར་བྱེད་དེ། ཀུན་དགའ་བོ་དེ་ནི་ཚངས་པར་སྤྱོད་པའི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་གནས་མལ་གྱི་གནོད་པ་རྣམ
171a4 ལས་འདི་ལྟ་སྟེ། སློབ་དཔོན་གྱི་གནོད་པ་དང་། སློབ་མའི་གནོད་པ་དེ་དག་ནི་ཅུང་ཟད་ཙམ་དུ་ཟད་ཀྱི། གནོད་པ་རྣམས་ལས་འདི་ལྟ་སྟེ། ཚངས་པར་སྤྱོད་པའི་གནོད
171a5 བ་དེ་ནི་ཐ་ཆད་ཡིན་ནོ།། ཀུན་དགའ་བོ་ཚངས་པར་སྤྱོད་པའི་གནོད་པས་གནོད་པར་གྱུར་པའི་ཚངས་པར་སྤྱོད་པ་དེ་ནི། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར
171a6 འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་བཅས་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཕྱི་མ་ཡིན་སྐྱེ་བ་དང་། རྒ་བ་དང་། འཆི་བར་གྱུར་པ་རྣམས་ཀྱིས
171a7 གནོད་པར་འགྱུར་རོ།། ཀུན་དགའ་བོ་ང་ནི་མཛའ་བཤེས་དང་། ལྡན་པས་ཀུན་ཏུ་སྤྱོད་པར་བྱེད་ཀྱི། འགྲན་ཟླ་དང་ལྡན་པས་ནི་མ་ཡིན་ནོ།། ཀུན་དགའ་བོ་ཇི་ལྟར་ན
171a8 ཉན་ཐོས་རྣམས་སྟོན་པ་ལ་འགྲན་ཟླ་དང་ལྡན་པས། ཀུན་ཏུ་སྤྱོད་ཅིང་མཛའ་ཤེས་དང་ལྡན་པས་མ་ཡིན་ཞེ་ན། ཀུན་དགའ་བོ་འདི་ལ་སྟོན་པ། རྗེས་སུ་ཐུགས