e-texts navigator
Collection
Volume
Page
Wylie

170b1 སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ན། དེ་གནས་མལ་དགོན་པ་འམ།
170b2 ནགས་འདབ་བམ། བས་མཐའ་དག་ཏུ་གནས་པར་མཛད་དོ།། དེ་གནས་མལ་དགོན་པ་འམ། ནགས་འདབ་བམ། བས་མཐའ་དག་ན་བཞུགས་པའི་ཚེ
170b3 ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་འབྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར
170b4 མི་མཛད་ཅིང་བརྒྱལ་བར་སྐྱེད་པ་མི་མཛད་ལ། མང་པོ་སྦས་པའི་ཕྱིར་རྗེས་སུ་འཇུག་པར་མི་མཛད་ཀྱང་། དེ་ཉན་པ་པོས་ཀུན་ཏུ་གང་ཞིང་གནས་ན་ལྷག་པའི་སེམས
170b5 ལས་བྱུང་བ་བཞི་པོ་དེ་དག་གིས་ཚེ་འདི་ལ་བདེ་བར་གནས་པ་ཐོབ་པ་གང་དག་ཡིན་པ་དག་ལས་གང་ཡང་རུང་བ་ལས་ཡོངས་སུ་ཉམས་པར་ང་སྨྲ་ལ། གཅིག་པུ
170b6 མ་འདྲེས་པ་དང་། བག་ཡོད་པ་དང་། རྟུལ་པ་དང་། སེམས་བསྡུས་པའི་བདག་ཉིད་དེ་དག་གིས་ཉམས་པ་མེད་པའི་སེམས་རྣམ་པར་གྲོལ་པ། སྐས་མངོན
170b7 སུམ་དུ་མཛད་ཅིང་གནས་པ་གང་ཡིན་པ་དེ་ལ་ནི། རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པ་མེད་པར་སྨྲ་མོད་ཀྱི། འོན་ཀྱང་ཉན་པ་པོ་དང་ལྡན་པ་སྟོན་པ་དེ
170b8 ཉིད་ཀྱི་བཀའ་ལ་མངོན་པར་དང་པར་གྱུར་པ། དེ་སྟོན་པ་དེ་ཡིད་ཀྱི་དབེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དགོན་པ་འམ། ནགས་འདབ་བམ། བས་མཐོ




iiif viewer powered by OpenSeadragon

170a - 171a

Texts on this page

F307 - mdo chen po stong pa nyid chen po zhes bya ba