e-texts navigator
Collection
Volume
Page
Wylie

170a1 ། ཀྱིས་གནོད་པར་འགྱུར་བའོ།། ཀུན་དགའ་བོ་སློབ་མའི་གནོད་པ་གང་ཞེ་ན། ཀུན་དགའ་བོ་འདི་ལ་ཉན་པ་པོ་དད་པ་དང་། ལྡན་པ་སྟོན།
170a2 པ་དེ་ཉིད་ཀྱི་ཚིག་ལ་མངོན་པར་དད་པར་གྱུར་པ་དེ། སྟོན་པ་དེ་ཉིད་ཀྱི་དབེན་པའི་རྗེས་སུ་སློབ་པའི་ཚེ། གནས་མལ་དགོན་པ་འམ། ནགས་འདབ་བམ། བས
170a3 མཐའ་དག་ཏུ་གནས་པར་བྱེད་དོ།། དེ་གནས་མལ་དགོན་པ་འམ། ནགས་འདབ་བམ། བས་མཐའ་དག་ན་གནས་པའི་ཚེ། ཉན་པ་པོ་ཁྱིམ་པ་དང་། རབ
170a4 ཏུ་བྱུང་བ་དག་རྗེས་སུ་འབྲང་བར་འགྱུར་རོ།། དེ་ཉན་པ་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྗེས་སུ་ལྷགས་པ་དག་ལ་ཆུམས་པར་བྱེད་ཅིང་བརྒྱལ་བ་སྐྱེད་པར་བྱེད་ལ།
170a5 མང་པོ་སྡུ་བའི་ཕྱིར་རྗེས་སུ་འཇུག་པར་བྱེད་དོ།། ཀུན་དགའ་བོ་དེ་ནི་སློབ་མའི་གནོད་པ་ཞེས་བྱའོ།། ཀུན་དགའ་བོ་སློབ་མའི་གནོད་པས་གནོད་པར་གྱུར་པའི
170a6 སློབ་མ་དེ་ནི། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པར་འགྱུར་བ། ཡང་སྲིད་པར་འགྱུར་བ། གདུང་བ་དང་། བཅས་པ། རྣམ་པར་སྨིན་པ། སྡུག་བསྔལ
170a7 བ་ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཀྱིས་གནོད་པར་འགྱུར་རོ།། ཀུན་དགའ་བོ་ཚངས་པར་སྤྱོད་པའི་གནོད་པ་གང་ཞེ་ན། ཀུན་དགའ་བོ
170a8 འདི་ལ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན




iiif viewer powered by OpenSeadragon

169b - 170b

Texts on this page

F307 - mdo chen po stong pa nyid chen po zhes bya ba