| e-texts navigator |
| Wylie |
97a1 @། བཅོམ་ལྡན་འདས་ཀྱི་བཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་བརྒྱད་སྟོང་ཕྲག་གང་གའི་ཟུད་ཀྱིས་ཉེས
97a2 ཅུས་ནི། སྒོ་མཐའ་ཡས་པས་སྒྲུབ་པའི་གཟུངས་འདི་ཐོབ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། ལྷ་དང་མི་དང་ལྷ་མ་ཡིན་གྱི་སྐྱེ་དགུ་སྔོན
97a3 སེམས་སྐྱེད་པ་དཀྲིས་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་བཅུས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང
97a4 ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་ས་འདྲིའི་མིང་ཅི་ལགས། འདི་ཇི་ལྟར་བཟུངས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
97a5 ཤ་རིའི་བུ་དེའི་ཕྱིར་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྒོ་མཐའ་ཡས་པས་སྒྲུབ་པའི་གཟུངས་ཞེས་བྱ་བར་ཟུང་ཤིག། བྱང་ཆུབ་སེམས་དཔའ་གཅིག་ཏུ་མངོན་པར་འཕགས་པ།
97a6 ཞེས་བྱ་བར་ཟུང་ཤིག། བདུད་ཐམས་ཅད་བརྩམ་པར་འཇིག་པར་བྱེད་པ་ཞེས་བྱ་བར་ཟུང་ཤིག། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་ཐོབ་པར་བྱེད་པ་ཞེས་བྱ་བར་ཟུང་ཤིག།
97a7 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་རིའི་བུ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་།
97a8 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པ་ཞེས