| e-texts navigator |
| Wylie |
210a1 བཅོམ་ལྡན་འདས་གདུགས་ཅིག་བསྩལ་པའི། བསོད་ནམས་ཀྱི་ཕུང་པོ་དེ་ཡང་ཚད་མ་མཆིས་ན། དགུང་ལོ་བརྒྱ་ཕྲག་སྟོང་དུ་གསགས་པ།
210a2 ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མོས་པར་བྱའོ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། བྱང་ཆུབ་དོན་དུ་གཉེར་བ་དང་།
210a3 ཆོས་ཀྱི་འཁོར་ལོ་བསྐོར་བ་དོན་དུ་གཉེར་བ་དང་། སེམས་ཅན་རབ་ཏུ་ཐར་པར་བྱ་བ་དོན་དུ་གཉེར་བར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། མོས་སམ།
210a4 འཛིན་ཏམ། འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ།། བྱང་ཆུབ་སེམས་དཔའི་ཐེག་པ་དེ། དེ་ལས་བསོད་ནམས
210a5 ཀྱི་ཕུང་པོ་མང་དུ་བསྐྱེད་ན།། གང་དེ་བཞིན་ཉིད་དུ་བསྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས། བྱང་ཆུབ
210a6 སེམས་དཔའ་ལྷའི་གཅོད་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི
210a7 ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག། དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ནི། མི་འམ་ཅིའི་རྒྱལ་པོ་ལྗོན་པས།
210a8 ཞུས་པ། ཕ་རོལ་ཏུ་ཕྱིན་པས། རྣམ་པར་ངེས་པ་བསྟན་པ་དང་། དམ་པའི་ཆོས་རིན་པོ་ཆེའི། ལེའུ་ཞེས་བྱ་བར་ཟུང་ཤིག། བཅོམ་ལྡན་འདས་ཀྱིས། དེ་སྐད་ཅེས