e-texts navigator
Collection
Volume
Page
Wylie

125a1 རྡུལ་བསལ་བ། འཚོ་བ་དག་ཅིང་རྟུལ་ཤུགས་ཚུལ་ཁྲིམས་ཆེན་པོ་གནས།། ལྷའི་ལྷ་མཆོག་དྲི་མེད་དྲི་མ་བྲལ། ཕ་རོལ་ཚོགས་འཇོམས
125a2 ཁྱོད་ལ་ཕྱག་འཚལ་ལོ།། བདེ་གཤེགས་རིན་ཆེན་མཆོག་ཏུ་དགའ་མཛད་པ། དགོན་པར་རྟག་ཏུ་དགོན་པར་དགྱེས།། རྡུལ་སྐྱོན་གཏི་མུག་རྙོག་པ་མི་མངའ་བ།། ན་མཁའ
125a3 མཉམ་ཐུགས་ཁྱོད་ལ་ཕྱག་འཚལ་ལོ།། ཆུ་བོ་བཞི་རྒལ་བདེན་བཞི་དཀའ་མཆིང་གསུངས།། མིག་སྤྲིན་བདུད་རྩི་ཆོས་ཀྱི་དཀའ་མཆིང་ཅན།། འགྲོ་བའི་དོན་མཛད་འཇིག
125a4 རྟེན་གསུམ་རྒྱུ་བ།། འཁོར་ལོའི་ཞབས་ཅན་ཁྱོད་ལ་ཕྱག་འཚལ་ལོ།། ལྷ་དང་མིས་མཆོད་པ་ཡིས་མཐུ་བོ་ཆེ།། མགོན་པོ་ལྷའི་དབང་པོ་བདུད་འཇོམས་པ།། མི་དང་ལྷ
125a5 ཀླུ་ཚོགས་ཀྱི་མཆོད་པ་ཡི།། མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ།། བརྟག་ཏུ་བདེན་སྡུང་དམ་པའི་ཆོས་ལ་དགྱེས། མཉམ་ཐུགས་འགྲོ་བ་ཀུན་ལ་བྱམས་པའི་ཐུགས
125a6 ཆོས་ལ་མཉམ་གནས་མི་རྣམས་ཁ་ལོ་སྒྱུར། ཡོན་ཏན་མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ།། སྙན་པའི་སྒྲ་དབྱངས་རྣམ་པར་དག་དང་ལྡན།། ཚངས་པའི་དགྲ་དབྱངས
125a7 ལྟ་བུར་འཇམ་པའི་གསུངས།། དབྱངས་ཀྱི་ཡན་ལག་རབ་ཚུལ་ཀུན་རྫོགས་པ། བདེན་པ་སྙན་གསུང་ཁྱོད་ལ་ཕྱག་འཚལ་ལོ།། སྟོང་པ་མཚན་མ་མེད་ཅིང་སྨོན་དང་བྲལ
125a8 ཟབ་མོ་ལྟ་དཀའ་ཤིན་ཏུ་རྟོགས་པར་དཀའ།། མཐར་ལམ་འཇུག་པར་མཁས་པ་བློ་གྲོས་ལྡན།། ཐར་པའི་ལམ་ངེས་ཁྱོད་ལ་ཕྱག་འཚལ་ལོ།། རྒྱུ་ལ་སྟོན་པའི་མཁས




iiif viewer powered by OpenSeadragon

124b - 125b

Texts on this page

F294 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo