| e-texts navigator |
| Wylie |
123b1 ཡོན་ཏན་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ། བསྐལ་པ་ཐམས་ཅད་དུ་བསྔགས་པ་ཡོངས་སུ་བརྗོད་ཀྱང་མཐར་མི་ཕྱིན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ
123b2 སེམས་དཔའ་ཆེན་པོ་དགའ་བྱེད་དང་། དགའ་འབྱུང་དང་། ལག་ན་རིན་པོ་ཆེ་དང་། རིན་ཆེན་མེ་ཏོག་དང་། རིན་པོ་ཆེའི་ཏོག་དང་། མཐོང་དགའ་དང་། དགའ་བའི་བློ།
123b3 གྲོས་དང་། མིག་གིས་མཐོང་དགའ་དང་། ས་འཛིན་དང་། དགའ་ཞིང་མཆོག་ཏུ་དགའ་བྱེད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། དཔལ
123b4 ཆེན་དང་། བདུད་འདུལ་དང་། མེ་ཏོག་མན་ད་རའི་དྲི་དང་། རླུང་ལྷ་དང་། བདེན་དགའ་དང་། མཉམ་ལྟ་དང་། མཉམ་མི་མཉམ་ལྟ་དང་། ཁ་ལོ་སྒྱུར་དང་། གསོལ
123b5 བ་མ་བཏབ་པར་སེམས་ཅན་ཀུན་གྱི་བཤེས་གཉེན་དང་། བྱམས་པ་དང་། འབྲུག་སྒྲ་དང་། ལྷུན་པོ་རྩེ་མོ་འཛིན་དང་། ལྷུན་པོ་བརྩེགས་དང་། ལྷུན་པོའི་མཆོག་དང་།
123b6 འོད་ཀྱི་ཏོག་དང་། འོད་དཔལ་དང་། སྒྲོན་མའི་རྒྱལ་པོ་དང་། མངོན་གསུམ་བློ་གྲོས་དང་། འོད་ཀྱི་ཡང་དག་བརྒྱན་དང་། སྣ་ཚོགས་གཅོད་པན་དང་། ལྷའི་གཅོད
123b7 པན་དང་། ལྷ་ཡུལ་བའི་གཅོད་པན་དང་། མཛེས་པའི་མིག་གིས་ལྟ་བ་དང་། ལག་བཟངས་དཔེ། ལེགས་པར་བསམས་པ་སེམས་དང་། འཁོར་ལོ་རབ་གནས།
123b8 རྐང་པ་དང་། མི་གཡོ་རྐང་པས་རྣམ་པར་གནོན་དང་། རྡོ་རྗེ་རྐང་པས་རྣམ་པར་གནོན་དང་། རྐང་པས་འཇིག་རྟེན་གསུམ་རྣམ་པར་གནོན་དང་། དགའ་སྤོབས་དང་།