| e-texts navigator |
| Wylie |
123a1 རྣམ་པར་གྲོལ་བ་སྨོན་ལམ་ཤིན་ཏུ་བཏབ་པ། སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་རྨི་ལམ་དང་། ཆུ་ཟླ་དང་།
123a2 མིག་ཡོར་དང་། བྲག་ཆ་དང་། ན་མཁའ་དང་མཚུངས་པར་མོས་པ། སྒྲ་སྐད་ཐམས་ཅད་ངེས་པའི་ཚིག་གི་སྟོན་པའི་ཡེ་ཤེས་ལ་མཁས་པ། ཆོས་དང་དོན་དང་ངེས་པའི
123a3 ཚིག་དང་། སྤོབས་པ་སོ་སོར་ཡང་དག་པར་རིགས་པ་ཐོབ་པ། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོ་ལ་རྟོག་པར་ཁོང་དུ་ཆུད་པ། ཤུགས་ཆེན་པོ་འཛིན་པའི
123a4 སྟོབས་བཅུ་ལ་ཉེ་བར་གྱུར་པ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་མིག་དང་། སངས་རྒྱས་ཀྱི་སྤྱན་གྱི་སྣང་བ་ཐོབ་པ། ལམ་གྱི་ཡན་ལག
123a5 གི་ཚོགས་ཤིན་དུ་བསགས་པའི་ལམ་ཐམས་ཅད་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་སྣང་བ་ལ་འཇུག་པའི་ཆོ་ག་ཤེས་པ། ཕྱིར་མི་ལྡོག
123a6 པའི་འཁོར་ལོ་བསྐོར་བ། མཚན་ཉིད་ཀྱི་ཕྱག་བརྒྱའི་ཏིང་ངེ་འཛིན་ཐོབ་པ། རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་འཇུག་པའི་ཡེ་ཤེས་ལ་མཁས་པ། ཆོས་ཐམས་ཅད
123a7 ལ་དབང་བྱེད་པའི་ཏིང་ངེ་འཛིན་མངོན་གསུམ་དུ་གྱུར་པ། ཆོས་དཀོན་མཆོག་གི་སྒྲོན་མ་འཛིན་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ལྟ་བ། རྣམ་པར་ལྟ་བ་མའ
123a8 པ། སངས་རྒྱས་ཀྱི་ཡེ་ཤེས་ལ་ཉེ་བར་གྱུར་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བྱ་བས་སོ་སོར་ཉེ་བར་གནས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི།