e-texts navigator
Collection
Volume
Page
Wylie

122b1 པར་བྱེད་པར་ལུང་བསྟོན་པ། ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ། དེ་ཁོ་ནའི་ཆོས་ཀྱི་ཚུལ་གི་ཆོས་སྟོན་པ། འོད་ཀྱི་ཉི་མ་དང་ཟླ་བ་མོག་མོག་པོར་བྱེད་པ། ཕྱོགས་བཅུར་སྒྲ་སྒྲགས
122b2 པ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས་ཤིན་ཏུ་བྱིན་གྱིས་བརླབས་པ་ཆོས་དཀོན་མཆོག་གི་མཛོད་ཡང་དག་པར་འཛིན་པ། དཀོན་མཆོག་གསུམ་གྱི་རིགས་མི་གནོད
122b3 པར་ཡིད་ལ་བྱེད་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། ཤིན་དུ་རྣམ་པར་འཕྱེ་བ། རྣམ་པར་འབྱེད་པ་ལ་གནས་པའི་བློ་དང་ལྡན་པ་མཐོང་བ་དང་།།
122b4 ཐོས་པ་འོན་ཡོད་པས་རྣམ་པར་གནོན་པ།། རྟག་པར་རྒྱུན་ཏུ་སེམས་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་ཕ་རོལ་ཏུ
122b5 སོན་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ། ཤེས་པར་ཅི་རིགས་པར་ཆོས་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱི
122b6 བ་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་འཇུག་པ་དང་། བཏགས་པ་བདེ་ཀླག་དུ་མཁས་པ། མི་འཇིགས་པ་ཆེན་པོས་འཇིགས་པ་མེད་པ། རྒ་བ་དང་ན
122b7 བ་དང་འཆི་བ་དང་། ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པ། སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ། མཚན་དང་དཔེ་བྱད་བཟང་པོ།།
122b8 ཡོངས་སུ་རྫོགས་པའི་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བ་སོགས་པ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ཐམས་ཅད་ལ་མོས་པ།།




iiif viewer powered by OpenSeadragon

122a - 123a

Texts on this page

F294 - 'phags pa mi 'am ci'i rgyal po sdong pos zhus pa zhes bya ba theg pa chen po'i mdo