| e-texts navigator |
| Wylie |
119b1 པ་འདི་བཀའ་སྩལ་པ།། འབྲས་བུ་ཡིད་འོངས་ཐོ་རིས་སུ།། སྐྱེ་འགྱུར་དགེ་བ་སྤངས་ནས་ནི།། འདིར་ནི་མི་སྡུག་ལས་བྱས་པས།། རབ་ཏུ་ཚ་བར་སྐྱེ་བར་འགྱུར།། དགེ་སློང་བྲམ།
119b2 ཟེ་དགེ་བ་དང་། པ་དང་མ་ཡང་དེ་བཞིན་ཏེ།། གང་ཡང་བླ་མ་གཞན་གསོད་པ།། རབ་ཏུ་ཚ་བར་དེ་མཆེད་དོ། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རྣར་མེད་པའི་ཚེ་ཚད་ནི
119b3 སྐལ་པ་གཅིག་སྟེ།། བར་མ་དོར་མཆི་བ་ཡོད་དོ།། མི་ཏིག་མུ་ཅན་ལྷས་བྱིན་གྱི་དགེ་འདུན་འཐུན་པ་ཕྱེ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཕྲག་ཕྱུང་བ་དང་།
119b4 དགེ་སློང་མ་དགྲ་བཅོམ་པ་གསད་པས་རང་གི་ལུས་དེ་ཉིད་དམྱལ་བ་ཆེན་པོ་མནར་མེད་པ་དེར་སྐྱེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱི་དེའི་ཚེ་ཚིག་སུ་བཅད་དེ་བཀའ་སྩལ་པ།
119b5 འཕགས་པ་རྣམས་ཀྱི་སྙན་པ་ཡིས།། ཆོས་ཀྱི་འོས་པར་མཚོ་རྣམས་ལ།། སྡིག་པའི་ལྟ་བ་ལ་སྟེན་ནས།། བློ་ངན་གང་ཞིག་སྨོང་བྱེད་པ།། ཚེར་ལྡན་འོད་མའི་འབྲས་བུ་ལྟ།།
119b6 དེ་ནི་འབྲས་བུ་བརླག་པར་བྱེད།། དགེ་བར་གྱུར་པར་བརྗོད་བྱ་སྟེ།། སྡིག་པ་ཅན་དག་མི་བརྗོད་དོ།། དགེ་བ་སྨྲས་ན་ལེགས་པར་འགྱུར།། སྡིག་པ་སྨྲས་ན་སྲེག་འགྱུར་བས།། གལ
119b7 ཏེ་སྤྲས་ན་དགེ་བ་སྨྲས་པ་རླག་པར་འགྱུར།། བྱིས་པ་རྣམས་ནི་སྡིག་སྨྲ་སྟེ།། འཕགས་པ་ནི་མ་ཡིན་ནོ།། འདིར་ནི་ངན་འགྲོར་འགྲོ་བ་ཡི།། ལས་ནི་ཤས་ཆེར་བྱས་པ་ན།
119b8 ལས་དེ་དག་གི་མནར་མེད་པའི།། དམྱལ་བ་དག་ཏུ་སྐྱེ་བར་འགྱུར།། དགེ་སློང་དག་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་ནི།། སྐལ་པ་ཕྱེད་ཏེ་བར་མ་དོར་མཆི་བ་ནི་ཡོད་དོ།། དགེ