| e-texts navigator |
| Wylie |
119a1 འགལ་གྱི་བུ་ལ་ཞེ་སྡང་གི་སེམས་བསྐྱེད་པས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོ་པད་མ་ལྟར་གས་པ་ཆེན་པོར་སྐྱེས་སོ།། དགེ།
119a2 སློང་དག་དེ་ལྟ་བས་ན་དེའི་ཕྱིར་འདི་ལྟར་སླབ་པར་བྱ་སྟེ།། སྡོང་དུམ་ཚིག་པ་ལ་ཡང་ཞེ་སྡང་གི་སེམས་སྐྱེས་པར་མི་བྱ།། རྣམ་པར་ཤེས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས
119a3 པ་དེ་ལྟར་དགེ་སློང་དག་ཁྱེད་ཀྱི་སླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། མི་ཞིག་སྐྱེས་པར་འགྱུར་བ་ན།། གང་གིས
119a4 བདག་ནི་ཅོད་བྱེད་པའི།། ཁ་ནས་སྟ་རིའི་ཚིག་འབྱུང་བ།། ཉེ་བར་སྨྲ་བ་སླ་བ་ན། གང་དག་སྨད་བྱེད་བསྟོད་བྱེད་ཅིང་།། སྐྱེ་བ་སྟོད་པ་སྨད་བྱེད་པའི།། སྡིག་གང་བདེ་མི་མྱོང
119a5 བ་ཡིས།། སྡིག་དེ་དེའི་ཁ་ནས་སྩོགས།། གང་འདིར་རྒྱན་པོས་བདག་ནོར་ཡལ།། འདི་ནི་སྡིག་པ་ཆུང་ངུ་སྟེ།། གང་ཞིག་བདེ་གཤེགས་སྡང་སེམས་སྐྱེ།། འདིར་ནི་སྡིག
119a6 པ་དེ་ཆེའོ།། ངག་དང་ཡིད་ཀྱིས་ཀྱང་ནི་སྡིག་བྱས་ཤིང་།། གང་ཞིག་འཕགས་ལ་སྨོད་པ་དམྱལ་འགྲོ་སྟེ།། སྟོང་ཕྲག་བརྒྱ་ནི་ཆུ་བུར་རྡོལ་རྣམས་སུ།། ཆུ་བུར་ཅན་དུ་སུམ་བཅུ
119a7 རྩ་དྲུག་གོ། སྡིག་པའི་སེམས་ཀྱི་བདེན་པར་མི་སྨྲ་བ།། བདག་ཉིད་རླག་ཅིག་དམྱལ་བ་འཕེལ་བར་བྱེད།། དེ་ཡིད་དྲི་མས་སྙོགས་པར་བྱེད་ཅིང་།། ཁ་ན་མ་ཐོ་མེད་པར་བཟོད་དེ།
119a8 དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ནི་སྐལ་པ་ཅིག་སྟེ། བར་མ་དོར་མཆི་བ་ནི་ཡོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད