e-texts navigator
Collection
Volume
Page
Wylie

115a1 རིང་དུ་མཚོ་བ་གང་ཡིན་པས་ལེགས་པར་བདེ་བར་གནས་ནས་ལོ་རྒྱའམ། ལོ་བརྒྱ་ལས་ལྷག་པར་ཐུབ་པོ།། དགེ་སློང་དག་མཚོ་བའི
115a2 གནས་སྐབས་ནི་བཅུ་མྱོང་བར་འགྱུར་ཏེ། གནས་སྐབས་དང་པོ་ནི། ཞན་ཅིང་གན་རྒྱལ་དུ་ཉལ་བ་ཏེ། བྱིས་པ་ཡིན་ནོ།། གནས་སྐབས་གཉིས་པ་ནི་རྩེ་བའི་རང་བཞིན
115a3 ཅན་གཞོན་ནུ་ཡིན་ནོ།། གནས་སྐབས་གསུམ་པ་ནི་འདོད་པ་ལ་སྤྱོད་པ་སྟེ། ལང་འཚོ་ལ་བབ་པ་ཡིན་ནོ།། གནས་སྐབས་བཞི་པ་ནི་སྤྲོ་བ་དང་ལྡན་ཞིང་ཉམས་སྟོབས་དང
115a4 ལྡན་པ་ཡིན་ནོ།། གནས་སྐབས་ལྔ་པ་ནི་སྟོབས་དང་ལྡན་ཤིང་ཤེས་རབ་དང་ལྡན་ཡིན་ནོ།། གནས་སྐབས་དྲུག་པ་ནི་སྤྱོད་པའི་རང་བཞིན་ཅན་ཏེ། དྲན་པ་དང་ལྡན་པ་ཡིན་ནོ།། །
115a5 གནས་སྐབས་བདུན་པ་ནི་ཆོས་ལུགས་ཁོང་དུ་ཆུད་པ་ཡིན་ནོ།། གནས་སྐབས་བརྒྱད་པ་ནི་རྒྱལ་པོས་བརྐུར་ཞིང་རྒན་རབས་སུ་ཀུར་བ་ཡིན་ནོ།། གནས་སྐབས་དགུ་པ་ནི་རྒས
115a6 ཤིང་འཁོགས་པ་ཏེ། རྒན་པོ་ཡིན་ནོ།། གནས་སྐབས་བཅུ་པ་ནི་ཚེའི་མཐར་ཐུག་སྟེ། འཆིར་ཉེ་བ་ཡིན་ནོ།། དགེ་སློང་དག་དེ་ལ་ལོ་བརྒྱར་མཚོ་བས་གནས་སྐབས་བཅུ་པོ་དེ།
115a7 དག་མྱོང་བར་འགྱུར་རོ།། དགེ་སློང་དག་ལོ་རྒྱར་འཚོ་བའི་དུས་ཚིགས་སུམ་རྒྱར་མཚོ་སྟེ། དགུན་གྱི་དུས་ཚིགས་བརྒྱ་དང་། དཔྱིད་ཀྱི་དུས་ཚིགས་རྒྱ་དང་། དབྱར་གྱི་དུས
115a8 ཚིགས་བརྒྱ་རྣམས་སོ།། དུས་ཚིགས་སུམ་བརྒྱར་མཚོ་བ་ནི། ཟླ་བ་བཅུ་གཉིས་ཕྲག་བརྒྱར་མཚོ་བ་ནི་ཟླ་བ་ཕྱེད་ཉིས་སྟོང་བཞི་བརྒྱར་མཚོ་སྟེ། དགུན་བརྒྱད་དང་། དཔྱིད།




iiif viewer powered by OpenSeadragon

114b - 115b

Texts on this page

F293 - tshe'i mtha'i mdo