| e-texts navigator |
| Wylie |
112a1 ད་ག
112a2 པའི་དཔལ་འདི་མཐོང་ངམ། གསོལ་བ་བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ་ཁྱེའུ་འདི་དགེ
112a3 བའི་རྩ་བ་འདི་དང་ལྡན་སེམས་ཀྱིས་སྨོན་པ་འདས་ན། བསྐལ་པ་སུམ་སྟོང་ཉིས་བརྒྱའི་བར་དུ་ནས་ཀྱང་སེམས་ཅན་དམྱལ་བར་འགྲོ་བར་མི་འགྱུར་རོ།། དེ་ནས་བྱང་ཆུབ
112a4 བསྒྲུབ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་ཞེས་བྱ་བར་འགྱུར་རོ་གསུངས
112a5 སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། སངས་རྒྱས་ལ་ནི་དད་པ་ཡི།། བསོད་ནམས་ཆུང་ངུ་སྐྱེ་མི་འགྱུར། ཆོས་མཆོག།
112a6 ཐོས་དང་དགེ་འདུན་ལ།། གུས་པས་བྱས་པ་འང་དེ་བཞིན་ནོ།། སངས་རྒྱས་ལ་ནི་དད་པ་ལ།། བྱང་ཆུབ་འཐོབ་པར་བཀའ་བ་མེད།། དེ་ལྟར་བྱང་ཆུབ་འདོད
112a7 བས་འདིར། འཇིག་རྟེན་རྣམས་མཆོད་པར་བྱ།། ཀུན་དགའ་བོ་ཁྱེའུ་འདི་རྐང་གཉིས་ཀྱི་མཆོག། མཆོག་དེ་དཔལ་དང་ལྡན་པ་ཡི།། མངོན་པར་འཕགས
112a8 པ་ཞེས་བྱ་བ།། འཇིག་རྟེན་གྱིས་ནི་འདྲེན་པར་འགྱུར།། དེ་ལྟར་སངས་རྒྱས་བསམ་མི་ཁྱབ།། སངས་རྒྱས་ཆོས་དང་དེ་བཞིན་ཏེ།། བསམ་མི་ཁྱབ་ལ་དང
112a9 པ་ཡི།། རྣམ་པར་སྨིན་པའང་དེ་བཞིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་།། ཁྱེའུ་ཚངས་པའི