e-texts navigator
Collection
Volume
Page
Wylie

111b1 མིག་མེད་མིག་ནི་ཉམས་པ་དང་། ཤེས་རབ་ཆུང་ངུས་མི་ཤེས་སོ།། རྐང་གཉིས་དམ་པ་འགྲོ་བའི་ཞིང་། འདི་ནི་བདག་གི་བརྙེད་པ་དང་། དལ་བ་རབ་དཀོན
111b2 ཐོས་པས་ན།། བྱང་ཆུབ་དུ་ནི་སྨོན་ལམ་བཏབ།། བདག་དང་འདྲེན་པ་ཁྱོད་ཀྱི་ནི།། ཡོན་ཏན་རྗེས་སུ་སློབ་པར་འཚལ།། བླ་མེད་བྱང་ཆུབ་ཐོབ་ནས་ནི།།
111b3 རྫུ་འཕྲུལ་འདི་འདྲ་བདག་གིས་བགྱི།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་འཛུམ་པ་མཛད་ནས། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས། འོད་ཟེར་ཁ་དོག
111b4 སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། བཅོད་ཤེས་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་།། དེ་དག་བྱུང་ནས
111b5 ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཡང་སླར་ལོག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གཏོར
111b6 དུ་ནུབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་དེ་གསོལ་པ།། རྒྱལ་མཆོག་འདྲེན་པ་འགྲོ་བའི་གཙོ་བོ།།
111b7 རྣམས།། རྒྱུ་མ་མཆིས་པར་འཛུམ་པ་མི་འཛད་ན། ཐུགས་རྗེ་ལྡན་པས་འཇིག་རྟེན་སྨན་སླད་དུ།། དེང་འདིར་ཅི་ཕྱིར་འཛུམ་མཛད་བདག་ལ་གསུངས།
111b8 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱི་ཁྱེའུ་ཚངས




iiif viewer powered by OpenSeadragon

111a - 112a

Texts on this page

F292 - 'phags pa tshangs pa'i dpal lung bstan pa zhes bya ba theg pa chen po'i mdo