| e-texts navigator |
| Wylie |
111a1 རྩེ་བའི་ཕྱིར། ས་རྡུལ་གྱི་ཁང་པ་བརྩེགས་པ་དེ་བཞེས་སོ།། དེ་ནས་སངས་རྒྱས་ཀྱི་མཐུས་སྐད་ཅིག་དེ་དང་། ཡུད་ཙམ
111a2 དེ་ལ་ས་རྡུལ་གྱི་ཁང་པ་རྩེགས་པ་དེ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ་ཞིག་དུ་གྱུར་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་གྱུར་ཏེ།
111a3 དེའི་ཚེ་ཤར་ཕྱོགས་ཀྱི་ངོས་སུ་ནི་གསེར་གྱི་བཀའ་བ་བརྒྱ་ཁྲི་བཞི་སྟོང་ཟུག་པ་གྱུར། ལྷོ་ཕྱོགས་ཀྱིས་ངོས་སུ་ནི་དངུལ་གྱི་བཀའ་བ་བརྒྱད་ཁྲི་བཞི་སྟོང
111a4 ཟུག་པར་གྱུར། ནུབ་ཕྱོགས་ཀྱི་ངོས་སུ་ནི་བཻ་དཱུརྱའི་བཀའ་བ་བརྒྱད་ཁྲི་བཞི་སྟོང་ཟུག་པར་གྱུར། བྱང་ཕྱོགས་ཀྱི་ངོས་སུ་ནི་ཤེལ་གྱི་བཀའ་བ་བརྒྱད་ཁྲི
111a5 བཞི་སྟོང་ཟུག་པར་གྱུར་ཏོ།། དེ་ནས་དེའི་ཚེ་ཁྱེའུ་ཚངས་པའི་དཔལ་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་མཐོང་ནས་ལྷག་པར་ཆེས་དགའ་བ་དང་། མཆོག་ཏུ་དགའ་བ
111a6 རྒྱ་ཆེན་པོ་སྐྱེས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཁྱེའུ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ།། ཀྱེ་མ་འཇིག་རྟེན་མགོན་པོ་ཡིས།
111a7 རྫུ་འཕྲུལ་ཤིན་ཏུ་རྒྱ་ཆེ་སྟན།། བདག་ཉིད་ལ་ནི་ཐུགས་རྩེའི་ཕྱིར། སངས་རྒྱས་ཀྱིས་ནི་རྫུ་འཕྲུལ་སྟན།། དྲང་སྲོང་ཆེ་ལ་བདག་གིས་ནི།། ས་རྡུལ་ཁང་པ
111a8 བརྩེགས་ཕུལ་ནི།། རིན་པོ་ཆེ་ལས་གྲུབ་པར་འགྱུར།། ཀྱེ་མ་སངས་རྒྱས་བསམ་མི་ཁྱབ།། ཀྱེ་ཀྱེ་སངས་རྒྱས་ཞིང་ནི་འདྲ་བ།། སངས་རྒྱས་ཞིང་བླ་ན་མེད།།