e-texts navigator
Collection
Volume
Page
Wylie

110b1 བརྩེགས་པ་དག་གིས་རྩེ་ཞིང་འཁོད་པ་ལས། བྱིས་པ་ཕལ་ཆེ་དེ་དག་གི་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་གཤེགས་པ་མཐོང་ངོ་།། ཡེ་མཐོང་ནས་ཀྱང་ལྷག
110b2 པར་དགའ་བ་དང་། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་སྟེ། རྩེ་དགའ་ཞིང་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཁྱེའུ་དེ་དག་ལ་ཐུགས་རྩེ་བའི་ཕྱིར།།
110b3 གང་ན་ཁྱེའུ་དེ་དག་རྩེ་ཞིང་འཁོད་པའི་ས་ཕྱོགས་དེར་གཤེགས་སོ།། དེ་ནས་བྱིས་པ་དེ་དག་གི་ནང་ནས་ཁྱེའུ་ཚངས་པའི་དཔལ་ཞེས་བྱ་བ་ཞིག། བཅོམ་ལྡན
110b4 འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། དེ་ནས་བཅོམ་ལྡན་འདས་མཁྱེན་བཞིན་དུ་བྱིས་པ་དེ་དག་ལ་འདི་སྐད་ཅེས
110b5 བཀའ་སྩལ་ཏོ།། བྱིས་པ་ཁྱེད་འདི་ན་ཅི་བྱེད། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཁྱེའུ་དེ་དག་གིས། འདི་སྐད་ཅེས་གསོལ་ཏོ།།
110b6 བཅོམ་ལྡན་འདས་བདག་ཅག་འདི་ན་ས་རྡུལ་གྱི་ཁྱིམ་དག་དང་། ས་རྡུལ་གྱི་ར་བ་དག་དང་། ས་རྡལ་གྱི་ཁང་པ་བརྩེགས་པ་དག་གིས་རྩེ་ཞིང་མཆིས་ལག་སོ།།
110b7 དེ་ནས་བཅོམ་ལྡན་འདས་ལ་ཁྱེའུ་ཚངས་པའི་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་ཐུགས་རྩེ་བའི་སླད་དུ་ས་རྡུལ་གྱི་ཁང་པ་རྩེགས
110b8 པ་འདི་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་དས་ཀྱི་ཁྱེའུ་ཚངས་པའི་དཔལ་གྱི་ལྷག་པའི་བསམ་པ་དང་། དགའ་བའི་སེམས་ཐུགས་སུ་ཆུད་ནས་ཐུགས




iiif viewer powered by OpenSeadragon

110a - 111a

Texts on this page

F292 - 'phags pa tshangs pa'i dpal lung bstan pa zhes bya ba theg pa chen po'i mdo