| e-texts navigator |
| Wylie |
110a1 ཆུང་ངུ་ན་ཚིགས་སུ་བཅད་པ་ཅིག་གམ། ཚིག་ཅིག་ཙམ་ཡང་མི་བརྗོད་མི་ཉམས་པར་ཏང་ངོ་ཞེས་གསོལ་ཏོ།། མདོ་སྡེ་འདི་གསུངས་པའི
110a2 ཆེ། དགེ་སློང་སྟོང་སྙེད་ཀྱི་དགེ་སྦྱོང་གི་འབྲས་བུ་ཐོབ་པར་གྱུར་ཏེ། དགེ་སློང་མ་སྟོང་ལྔ་རྒྱས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ།། དགེ་སྙེན་ལྔ་རྒྱས་ཡོང་དུ།
110a3 དག་པར་འགྱུར་ཏོ།། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པས་ཕྱིར་དོང་ངོ་།། འཕགས་པ་ཏིང་ངེ་འཛིན་གྱི་མཆོག་དམ་པ།། རྫོགས་སྷོ།།
110a4 རྒྱ་གར་སྐད་དུ། ཨཱརྱ་བྲ་མ་ཤྲི་བྱ་ཀ་ར་ཎ་ན་མ་མ་ཧཱ་ཡན་སུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པའི་དཔལ
110a5 ལུང་སྙན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས
110a6 གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་གཅིག་ཏུ
110a7 ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམས་ཐབས་དང་། ཆོས་གོས་གསོལ་ཏོ།། ལྷུང་བཟེད་བསྣམས་ནས། མཉན་ཡོད་ཀྱི་གྲོང་ཁྱེར་དུ་བསོད་སྙོམས
110a8 ལ་གཤེགས་སོ།། ཡང་དེའི་ཚེ་གཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཕྱི་རོལ་ན། བྱིས་པ་ཕལ་ཆེར་དག་ས་རྡུལ་གྱི་ཁྱིམ་དང་། སའི་རྡུལ་ར་དང་། སའི་རྡུལ་གྱི་ཁང