e-texts navigator
Collection
Volume
Page
Wylie

65b1 ཞེན་ཅིང་བྲ་སྟེ། ཕྱིར་ལོག་ནས་ཅི་ཡང་མ་མཐོང་སྟེ། སྔོན་ལས་བསར་གྱིས་དོན་ནི་མ་མཐོང་། ཕྱིན་མ་སེམས་ནི་བསྟེར་ནས། སེམས་ཀྱིས་ནང་ནས་སོས
65b2 ཀྱིས་སྐད་ཅིག་ཙམ་ཞིག་ཤིན་དུ་བརྩོན་འགྲུས་ཀྱིས་བསྒོམ་པས་གདུང་སྟེ། དུས་ཐམས་ཅད་མ་གྱེས་པར་སེམས་གཅིག་ཏུ་དྲན་ནས། སེམས་དེས་བརྩོན་འགྲུས
65b3 ཀྱིས་མཚན་ཉིད་དུ་གྱུར་ཏོ་སྙམ་དུ་སེམས་ཏེ།། དེའི་མིང་ནི་ཤེས་རབ་འཚལ་པར་བསྒོམ་པས་ཏེ། རང་མཁྱམ་པ་ཡིན་ནོ།། དེ་ལ་ཚོར་བ་ནི་ཉེས་མེད་དེ། འཕགས
65b4 པར་གྱུར་པ་ནི་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་སེམས་ན་དྲན་པའི་བདུད་ཁོང་དུ་ཞུགས་ཏེ། རྟག་ཏུ་སེམས་འཛིན་པར་གཅིག་དུ་དམིག་ཏེ། ཡང་དག་པའི་གྲལ
65b5 སྟོར་ནས་ལོག་པའི་གོལ་སར་ལྟུང་ངོ་། ཡང་དེ་རིགས་ཀྱིས་བུ་དག་ཏིང་ངེ་འཛིན་གྱིས་ནང་ནས། གཟུགས་ཀྱིས་ཕུང་པོ་ནི་ཞི།། ཚོར་བའི་ཕུང་པོ་ནི་གསལ་ཞིང
65b6 བྱང་བ་ལས། ཤེས་རབ་ཀྱིས་སྟོབས་ནི་ཏིང་ངེ་འཛིན་གྱིས་ནོན་ནམ། རྟུལ་ཅིང་རྣོ་བའི་སེམས་ནི་སྟོར་པར་རྒྱལ་བའི་རང་བཞིན་སེམས་ཀྱིས་ནང་དུ་དྲན་པ་ལ་ནི། རང
65b7 གིས་སེམས་ལ་ཐེ་ཚོམ་སྐྱེས་ནས། རང་རྣམ་པར་སྣང་མཛད་ཡིན་ནོ་སྙམ་དུ་སེམས་སོ།། ཅུང་ཟད་ཐོབ་པ་ལ་ཆོག་པ་སྙམ་དུ་འཛིན་པ་དེའི་མིང་ནི། རྟག་པར
65b8 ཆུད་པའི་བསྐས་པ་ནི་བསྟེར་ཅིང་དུས། ཤེས་ཤིང་མཐོང་བ་ནི་བྱིང་བའོ།། དེ་ལ་ཚེར་ན་ནི་ཉེས་མེད་དོ།། འཕགས་པར་གྱུར་པ་ནི་མ་ཡིན་ནོ།། དེ་ལ་དེ་ལ་འཕགས




iiif viewer powered by OpenSeadragon

65a - 66a

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa