e-texts navigator
Collection
Volume
Page
Wylie

64b1 མི་ནུས་པར་ཐོབ་པའོ།། ལོག་པའི་སྨན་མས་སེམས་ལ་ཕོག་ན། གཡོ་བར་མི་ནུས་ཏེ། ཡིད་དགས་ཀྱིས་ནོན་པ་ལྟར་རྐ་ལག་དང་སྔ་མ་ཁོ་བཞིན་ཏེ། ཞིང
64b2 མཐོང་བ་དང་ཐོས་པ་མ་འཁྲུལ་ཏོ།། དེའི་མིང་ནི་ཚེར་བའི་ཕུང་པོས་བསྒྲིབས་པའོ།། དེ་སྟེནོན་པ་ལས་སངས་ནས་སེམས་ལུས་དང་བྲལ་ཏེ། སླར་གདོང་ལ
64b3 རྟོག་ན་འགྲོ་བ་དང་འདུག་པ་ལ་རང་དབང་དུ་གྱུར་ཏེ། སྒྲིབ་པ་མེད་དོ།། དེའི་མིང་ནི་ཚེར་བའི་ཕུང་པོ་ཟད་དོ།། མིང་དེ་ནི་ལྟ་བའི་སྙིགས་མ་ལས་འདས་སོ།། དོན་དེ་ལ་རྟག
64b4 ན་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་རྩ་བ་གསོག་གིས་ཕྱིར་རོ།། དགའ་བོ་རིགས་ཀྱིས་བུ་དེ་དག་དེ་ལ་གནས་ཏེ། ནང་ཤིན་ཏུ་བསྒྲིབས་པ་ལས། སེམས་ལ་ནང
64b5 ནས་གསལ་འབྱུང་སྟེ། འོད་ཟེར་ཆེན་པོ་ཐོབ་ནས། སེམས་ཀྱིས་སྐད་ཅིག་ཙམ་མི་ཟད་པའི་སྙིང་རྗེ་སྐྱེས་ནས། སྦྲང་བུ་ལྕགས་ཕྱེ་ལ་ཡང་བུ་གཅིག་པ་བཞིན་བྱམས
64b6 པར་ལྟ་ཞིང་། དེ་བཞིན་དུ་སྙིང་རྗེའི་སེམས་སྐྱེས་ནས། མི་མཚོར་བར་འཆིས་བྱུང་སྟེ། དེའི་མིང་ནི་ལྷག་པར་སྤྱོད་པ་གྲགས་པའི་དོན་ལས་བྱུང་བ་ཡིན་ཏེ། དེ་ལ་ཚེར
64b7 ནི་ཉིད་མེད་དེ། འཕགས་པར་གྱུར་པ་མ་ཡིན་ནོ།། དེ་ལ་ཚེར་རབས་ཆུད་ནས་ནོར་བར་མི་འགྱུར་ཏེ། རིང་ཞིག་ནས་ཞི་ཞིང་བྱང་ངོ་།། དེ་ལ་འཕགས་པར་སྙམ་དུ་སེམས
64b8 ན་ནི་སྙིང་རྗེའི་བདུད་ཁོང་དུ་ཞུགས་ཏེ།། མི་དག་མཐོང་ན་སྙིང་རྗེ་སྐྱེ་ཞིང་མཆི་མ་མི་འཆད་པར་འབྱུང་སྟེ། ཡང་དག་པའི་གྲལ་སྟེར་ནས་ལོག་པར་གྲོལ་བར་ལྟུང་ངོ་།




iiif viewer powered by OpenSeadragon

64a - 65a

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa