e-texts navigator
Collection
Volume
Page
Wylie

64a1 བར་བར་ནི་ལྷའི་བདུད་ཀྱིས་བསླུས་ཏེ། སེམས་ཀྱི་ཁོང་དུ་ཞུགས་ནས། ཐོགས་པ་མེད་པར། ཆོས་ཟབ་མོའི་དོན་འཆད་མཁས་ཏེ། དེ་ནི་འཕག
64a2 པར་གྱུར་པ་ནི་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་མ་བསམས་ན། བདུད་ཀྱིས་ལས་དེ་ཞི་ཞིང་མེད་པར་འགྱུར་རོ།། དེ་ལ་འཕགས་པའོ་སྙམ་དུ་བསམ་ན། ལོག་པའི
64a3 ཁམས་སུ་ལྟུང་ངོ་།། དགའ་བོ་དེ་རྣམས་བཅུ་ནི། ཏིང་ངེ་འཛིན་གྱིས་སྔ་ལྟས་ཡིན་ཏེ། འདི་ནི་གཟུགས་ཀྱིས་ཕུང་པོ་ཡིན་ནོ།། དེ་དག་བསྒོམ་པ་ནོར་བ་ལས། དེའི་ཕྱིར
64a4 འདི་འདྲ་བར་གྱུར་ཏེ། ཕོ་ཐེག་ཅན་གྱིས་སྐྱེ་བོ་བསླད་པས། རང་གིས་དྲོད་མ་ཟིན་ཏེ། རྒྱུ་རྐྱེན་དེ་ལྟ་བུ་དང་ཕྲད་ནས། འཁྲུལ་པར་རང་གིས་མ་ཤེས་ཏེ། བདག་འཕག
64a5 པའོ་སྙམ་དུ་སེམས་པ་ནི་བརྫུན་ཆེན་པོ་འགྱུར་ཏེ། སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཁྱེད་ལ་སོགས་པས་དེ་ལྟ་བུ་ལ་མི་རྟེན་པར་བགྱིས་ཤིག། དེ་བཞིན
64a6 གཤེགས་པ་འདས་པའི་ཕྱིར། མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་སྟེ། དོན་དེ་དག་ཤོད་ཅེས་སྟོན་ཅིག། ལྷའི་བུས་བདུད་ཀྱིས་སྐབས་མ་རྙེད་པར་ཟུངས་སུ་ཟུང
64a7 སྟེ། ཆོས་ལ་མན་ངག་བཞག་ཅིང་སྐྱབས་དང་བསྲུང་བ་བྱས། བླ་ན་མེད་པའི་དོན་གྲུབ་པོ།། དགའ་བོ་རིགས་བུ་དག་ཏིང་ངེ་འཛིན་ཞི་གནས་ལ་སྙོམ་པར་བཞུགས
64a8 ཏེ། གཟུགས་ཀྱིས་ཕུང་པོ་ཟད་ན། སངས་རྒྱས་ཐམས་ཅད་ཀྱིས་སེམས་མཐོང་སྟེ། དཔེར་མེ་ལོང་དག་པའི་ནང་ན། གཟུགས་སྣ་བ་བཞིན་ཏེ། སྤྱད་དུ




iiif viewer powered by OpenSeadragon

63b - 64b

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa