| e-texts navigator |
| Wylie |
63b1 པ་བརྒྱན་པན་བཞུགས་ཏེ།། ནམ་མཁའ་གང་བར་མཐོང་། ཡང་འོག་གིས་ཕྱོགས་སུ་སེམས་ཅན་དམྱལ་བ་མཐོང་། སྦྲང་གིས་ཕྱོགས་སུ་ཡང་ལྷའི་ནན།
63b2 གཞལ་མེད་ཁང་དག་སྒྲིབས་པ་མེད་པར་ལྟ་བུར་མཐོང་སྟེ། དེའི་མིང་ནི་སྐྱོབ་པ་དང་། དགའ་བས་བྱིང་བའི་འདུ་ཤེས་ཟད་དུ་ཞེན་པ། ཡུན་རིང་པོ་ལས
63b3 གྱུར་པ་ཡིན་གྱིས། འཕགས་པར་གྱུར་པ་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་བསམ་ན། དགེ་བའི་མཚན་མ་ནི་ཡོན་གྱིས། དེ་ལ་འཕགས་པའི་འབྲས་བུ
63b4 ཐོབ་པོ་སྙམ་དུ་འཛིན་ན་ནི། ལོག་པའི་ཁམས་སུ་ལྟུང་ངོ་།། ཡང་སེམས་དེ་དང་བ་ཡུན་རིང་དུ་སྦྱངས་པ་ལས་སེམས་སྐད་ཅིག་ཙམ་ཞིག་ནམ་གྱིས་གུང་ལ་རྒྱང
63b5 རིང་པོ་ན། ཚོང་དུས་དང་གྲོང་ཁྱེར་དང་། གཉེན་ཤེས་ཀྱང་མཐོང་ངོ་།། བར་བར་ནི་གཏན་ཟེར་བའི་སྒྲ་ཡང་ཐོས་ཤིང་། བར་ཆད་ཀྱིས་ཕྱིར་ལོ་ན་འདུག་པ་ལྟ
63b6 བུ་ཡང་མཐོང་ན། དེའི་མིང་ནི་སེམས་མནན་ཅིང་བཅིལ་པ་ལས་གྱུར་པ་ཡིན་ཏེ། དགེ་བའི་ལྷས་ནི་ཡིན་གྱིས། འཕགས་པར་གྱུར་པ་ནི་མ་ཡིན་ནོ།། དེ་ལ
63b7 འཕགས་པའོ་སྙམ་དུ་བསམ་ན། ལོག་པའི་ཁམས་སུ་ལྟུང་ངོ་།། ཡང་སེམས་དེ་དང་པར་ཡུན་རིང་དུ་སྦྱངས་པ་ལས། རྐྱེན་མེད་པར་དགེ་བའི་གཤེས
63b8 ཉེན་དག་གིས་སུམ་དང་། དབྱང་བརྒྱ་ཤིང་རྣམ་པར་སྣ་ཚོགས་ལྟ་བུར་མཐོང་སྟེ། དེའི་མང་ནི་སྲུ་བའི་སེམས་ཏེ། ལྷ་མ་ཡིན་ཁོང་དུ་བཞུགས་པའོ།།