e-texts navigator
Collection
Volume
Page
Wylie

63a1 དེ་ལྟར་མཐོང་བ་དེའི་མིང་ནི་སོས་ཕྲ་བའི་དང་བ་ལས་གྱུར་པ་ཡིན་ཏེ། དགེ་བའི་མཚན་མ་ཡིན། འཕགས་པར་གྱུར་པ་མ་ཡིན་ནོ།།
63a2 དེ་ལ་འཕགས་པའོ་སྙམ་དུ་བསམ་ན། ལོགས་པའི་ཁམས་སུ་ལྟུང་བའོ།། ཡང་སེམས་དེ་ནམ་མཁར་རྒྱས་རྒྱས་པར་བསྒོམ་པ་ལས། སེམས་སྐད་ཅིག་ཙམ
63a3 ཞིག་ཁམས་བཞི་ཡང་རྩ་ཤིང་དང་འདྲེ་བར་མཐོང་སྟེ། མེས་བསྲེགས་མཚོན་ཆས་བཏུབ་ཀྱང་མི་མཚེར་རོ།། མེའི་འོད་ཀྱིས་མཆད་ཀྱང་ཚིག་པར་མི་འགྱུར
63a4 ཞིང་། ཤ་བཅད་ན་ཡང་ཤིང་བཞོགས་པ་དང་མཚུངས་སོ།། དེའི་མིང་ནི་བརྡུལ་ཕྲ་མོ་འདུས་པ་ཁམས་བཞིའི་ཕུང་པོ་མ་འདྲེས་པ་ལས་དེ་ལྟར་གྱུར་ཏེ། དེ
63a5 ཡང་སྐད་ཅིག་གཅིག་དུ་ཟད་སྟེ། དགེ་བའི་མཚན་མར་ནི་རུང་གིས། འཕགས་པར་གྱུར་ནི་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་འཛིན་ན་ནོ།། ལོག
63a6 པའི་ཁམས་སུ་ལྟུང་ངོ་།། ཡང་སེམས་དེ་ཡོངས་སུ་དག་པར་བསྒྲུབས་ཏེ། བརྩོན་འགྲུས་ཀྱིས་སྤྱོད་ཡུལ་གྱིས་མཐར་གནས་པ་ལས། སྐད་ཅིག་ཙམ
63a7 ཞིང་སེམས་ཀྱིས་ཕྱོགས་བཅུའི་ས་ཆེན་པོ་དང་། རི་དང་ཆུ་རླུང་ཆེན་པོ་མཐོང་སྟེ། དེ་ཉིད་སངས་རྒྱས་ཀྱིས་ཞིང་དུ་གྱུར་ནས། རིན་པོ་ཆེ་སྣ་བདུན་དང་ལྡན
63a8 ཞིང་། སྣོད་གང་བས་ཁྱབ་ཅིང་གང་བ་དང་། ཡང་གང་གའི་ཀླུང་གིས་བྱེ་མ་སྙེད་ཀྱིས་དེ་བཞིན་གཤེགས་པའི་སངས་རྒྱས་ཐམས་ཅད་ཁང་པ་བརྩེགས




iiif viewer powered by OpenSeadragon

62'b - 63b

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa