| e-texts navigator |
| Wylie |
62a1 ས་ཨུ་།། དགའ་བ་གང་སེམས་དེ་ཉིད་སྦྱངས་ཤིང་དང་སྟེ།། ལུས་ཀྱིས་ནང་ན་དང་ཤིང་བསས་འམས། ཕུང་རྩ་བཞིག་མི
62a2 ནང་ནས་སྲིན་གྲོལ་མ་གྲོ་བུར་དུ་ཡང་བྱུང་ཡང་། ལུས་ཀྱིས་རང་དྲི་བཞིན་ཏོ།། སྨྲས་ཤིང་ཉམས་པ་ཡང་མེད་པར་མཐོང་། དེའི་མིང་ནི་གཟུགས་ཀྱིས་ཡན་ལན་དང་ག
62a3 བའི་ལུད་པར་འབབ་པའི་བརྩོན་འགྲུས་ལས་གྱུར་པ་ཡིན་གྱིས་འཕགས་པའི་འབྲས་བུར་གྱུར་པ་ནི་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་མ་བསམས་ན། དེ་དགེ
62a4 པའི་ལྟས་སུ་ནི་རུང་གིས། དེ་འཕངས་པའོ་བསྙམ་དུ་བསམ་ན་དེ་ལོག་པའི་ཁམས་སུ་ལྟུང་ངོ་།། དགའ་བོ་ཡང་སེམས་དེ་ཉིད་ཀྱིས་སྦྱངས་ཤིང་དང་ན། དེའི་སེམས
62a5 ཅན་དང་ཡིད་དང་། རྣམས་པར་ཤེས་པའི་རྣམས་མགྲོན་དང་སྦྱིན་པ་བདག་ཇི་བཞིན་པ་ལ་མི་འགྱུར་བ་ལ་སྤྱོད་པས། འཛིན་པའི་ལུས་མ་གཏོགས་པར་གཞན་ཐོས
62a6 ཅད་གཅིག་ཏུ་བསྡུས་ཤིང་མཉམ་པར་གཞག་པ་ལས། སེམས་སྐད་གཅིག་ཙམ་ཞིག་ནམ་མཁའ་སྟོང་པ་ལས་གཅིག་འཚར་དུ་ཕྱོགས་བཅུ་ནས། ཆོས་ཟབ
62a7 མེའི་དོན་འཆད་པ་ལྟ་བུའི་སྒྲ་ཐོས་སོ།། དེའི་མིང་ནི་སེམས་དང་ཡིད་དང་། རྣམ་པར་ཤེས་པ་ལྡང་དུབ་ལས་དགེ་བ་རྒྱུ་གྲུབ་པ་ཡིན་ཏེ།། དགེ་བའི་མཚན་མ་ཡིན་གྱིས།།
62a8 འཕགས་པའི་འབྲས་བུ་ནི་མ་ཡིན་ནོ།། དེ་ལ་འཕགས་པའོ་སྙམ་དུ་སེམས་ན། ལམ་ལོག་པར་ལྟུང་ངོ་།། དགའ་བོ་ཡང་སེམས་དེ་གསལ་ཞིང་ས་ལེགས་ལ་ཞི