| e-texts navigator |
| Wylie |
62'b1 འགོག་པ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ་པ་མ་རྒྱས་པར་ཤེས་པའི་ནང་ནས། ཤེས་པ་ཁྱད་པར་རྒྱས་པའི་ཕྱིར། ཤེས་པའི་རྒྱུའི་གཞུང
62'b2 འཛུགས་ཏེ། ཕྱོགས་བཅུའི་རྩ་བ་ཤིང་ཐམས་ཅད་ནི། སེམས་ཅན་ཡིན་ནོ་སྙམ་ཏེ། རྒྱལ་བར་ནི་མི་དང་འདྲ་བ་མེད་དོ།། རྩ་ཤིང་ནི་མིར་འགྱུར། མི་དེ་དག
62'b3 ཤིན་ཡང་། ཕྱོགས་བཅུའི་རྩ་ཤིང་དུ་འགྱུར་རོ།། དེ་ནི་ཡང་དག་པའི་ཁྱབ་པ་ཡིན་ནོ་སྙམ་པའི་སེམས་སོ།། མི་དེ་ནི་ཤེས་པ་དང་མི་ཤེས་པའི་མཐར་འཛིན་པས།
62'b4 འདིའི་ནང་དུ་ལྟུང་སྟེ། ཚོར་བ་ཐམས་ཅད་འཛིན་པའི་སྡེར་འགྱུར། སངས་རྒྱས་ཀྱིས་བྱང་ཆུབ་ནི་ནོར། ཤེས་བཞིན་མཐོང་བ་ནི་སྟོང་ཅིང་ནུབ་པོ།། དེའི་མིང
62'b5 ནི་ཁྱབ་པར་ཤེས་པར་རྟོགས་པའི་སེམས་རྫུན་ཞིང་། སྟོང་པའི་འབྲས་བུ་གྲུབ་པ་བཞི་པ་སྟེ། ཁྱབ་ཅིང་རྒྱས་པ་ལས། ཕྱི་ཕྱིར་ཞིང་རིང་དུ་བསྲིངས་ཏེ།
62'b6 མྱ་ངན་ལས་འདས་པའི་མཁར་ལས་ལོགས་ནས། ལོག་པར་ཤེས་པའི་ས་བོན་ལས། དེའི་རིགས་སུ་སྐྱེའོ།། ཡང་རིགས་བུ་འདུ་བྱེད་ཐམས་ཅད་སྟོང་པའི
62'b7 མཐར་ཕྱིན་པར་འགོག་པས། སྐྱེ་བར་འགོག་པ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ་པ་མ་རྒྱས་པས། དེ་དང་ཤིང་གསལ་བའི་ནང་ནས། རྩ་བ
62'b8 མཁྲུལ་པའི་ཕྱི་བཞིན་འབྲང་ནས། རྫུ་འཕྲུལ་བརྒྱས་པའི་མཚན་མོའི་མུན་ནག་གིས་ནང་ནས་རྫས་སྣ་ཚོགས་མཐོང་སྟེ། ཉིན་མོ་མཐོང་བ་དང་མཚུངས་སུ།།