e-texts navigator
Collection
Volume
Page
Wylie

62'a1 @པའོ་སྙམ་དུ་བཟུང་ན་ལམ་ལོག་པར་ཁམས་སུ་ལྷུང་ངོ་།། ཡང་སེམས་དེ་ཡུན་རིང་དུ་སྦྱངས་ཏེ། མ་ཐོས་ཤིང་དང་བ་ལས། སེམས
62'a2 སྐད་ཅིག་ཙམ་ཞིག་ཐམས་ཅད་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བ་འགོག་པ་ལས་ཞི་བར་འགོག་པའི་ནང་ནས། དང་བ་དམ་པ་མ་རྒྱས་པས། བད་གིས
62'a3 ངོ་བོ་ཉིད་མཐོང་བ་ནི། སྐྱབས་སུ་བཟུང་ནས། ཐེ་ཙོམ་སྐྱེས་ནས་བདག་གིས་ལུས་དང་སེམས་ལས་ཕྱོགས་བཅུའི་ནམ་མཁའ་བབ་ཅིང་འབྱུང་སྟེ། སྐྱེས་སོ།།
62'a4 ཐམས་ཅད་ཀྱང་འབབ་པའི་རྒྱུན་ལས་འབྱུང་སྟེ། ལུས་ནི་ཡང་དག་པ་རྟག་པ་ཡིན་པས། སྐྱེ་བ་དང་འགག་པ་མེད་དོ་སྙམ་པའི་སེམས་ཀྱང་སྐྱེས་སོ།། སྐྱེ་བ་དང
62'a5 འགག་པ་ནི་རྟག་པར་ཡང་རྟོག་ཏེ། མི་སྐྱེ་བ་འཁྲུལ་ཅིང་སྐྱེ་བ་འཁྲུགས་ནས། བྱིང་བ་ལ་བདེ་གླནས་ཏེ། རྒྱལ་ཞིང་གྲོལ་ལོ་སྙམ་པའི་རྟོག་པ་སྐྱེས་སོ།། མི
62'a6 དེ་ནི་རྟག་པའི་གཞུང་འཛིན་པའི་ནང་དུ་ལྟུང་སྟེ། རང་དབང་གིས་ལྷའི་བདེར་འགྱུར་རོ།། སངས་རྒྱས་ཀྱིས་བྱང་ཆུབ་ནི་ནོར།། ཤེས་ཤིང་རྟོགས་པ་ནི་སྟོར་ཅིང་ནུབ་པ།
62'a7 དེའི་མིང་ནི་རྒྱུའི་གནས་ལ་སེམས་ཀྱིས་གཞུང་འཇུགས་པ་གསུམ་པ་སྟེ། ཁྱབ་ཅིང་རྒྱས་པ་ལས་ཕྱི་ཕྱིར་ཞིང་བསྲིངས་ཏེ།། མྱ་ངན་ལས་འདས་པའི་མཁར་ལ
62'a8 ལོག་ནས། ལོག་པར་རྒྱས་པའི་ས་བོན་ལས་དེའི་རིགསུ་སྐྱེས་སོ།། ཡང་རིགས་ཀྱིས་བུ་འདུ་བྱེད་ཐམས་ཅད་ནི་སྟོང་པའི་མཐར་ཕྱིན་པར་འགོག་པས། སྐྱེ་བའི




iiif viewer powered by OpenSeadragon

62b - 62'b

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa