e-texts navigator
Collection
Volume
Page
Wylie

61b1 པའི་ཁང་ཁྱིམ་སྐད་ཅིག་ས་སོར་བགོས་ཏེ། ཁྱེད་ལ་ནད་མེད་ན་སྐྱབས་བྱེད་མི་ནུས་པ་དང་འདྲའོ།། དགའ་བོ་ཤེས་པར་བགྱིས་ཤིག་ཁྱེད་བྱང་ཆུབ་ཀྱིས་སྙིང་པོར་ན་ཁ་འགྱུ
61b2 ན།། དང་ཞིང་གསལ་བས་གཡོའ་བ་དང་། མི་གཡོ་བ་ཐམས་ཅད་ཀྱིས་མི་སྐུལ་ཏེ། དྲན་པ་དང་རྗེད་པར་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་གནས་ནས། མཚན་མ་ཐམས་ཅད་ཟད
61b3 དེ་སྒྲིབ་པ་མེད་ན། དེའི་མམན་མ་དང་བྲལ་བའོ།། ཏིང་ངེ་འཛིན་ལ་མཉམ་པར་ཞག་ན།། སྐྱེས་བུ་མིག་དང་ལྡན་པ། མུན་མ་ནག་གིས་ནང་དུ་ཕྱིན་པ་དང་མཚུངས་ཏེ། ར
61b4 བཞིན་གསལ་ཞིང་དང་མོད་ཀྱིས།། ད་རུང་སེམས་ཀྱིས་འོད་མ་བྱུང་བས། དེ་ནི་གཟུགས་ཀྱིས་ཕུང་པོས་སྒྲིབས་པའོ།། མིག་དང་ལྡན་པས་ནི། ཕྱོགས་བཅུ་ས་ལེ་སྣང
61b5 སྟེ། ཅི་ཡང་ལུས་པ་མེད་པ་སྟེ།། དེའི་མིང་ནི་གཟུགས་ཀྱིས་ཕུང་པོས་ཟད་དེ། མི་དེ་ནི་བསྐལ་པ་སྙིག་མ་ལས་འདས་སོ།། དོན་དེ་ལ་རྟགས་ན། ཡང་དག་པ་མ་ཡིན
61b6 བའི་འདུ་ཤེས་ཀྱིས་རྩ་བ་སྲབ་པའི་ཕྱིར་རོ།། དགའ་བོ་དེ་ལྟ་བུ་ལ་གནས་ཤིང་སྦྱངས་ན། གསལ་ཞིང་དང་སྟེ། ཁམ་བཞི་མ་ཁུགས་པ་ལས་སོས་སྐད་ཅིག་ཙམ
61b7 ཞིག་ལུས་ཐོགས་པ་མེད་པར་སྣང་སྟེ། དེའི་མིང་ནི་རང་བཞིན་གསལ་བ་མངོན་དུ་ལུང་བར་འབབ་པར་བསྐམས་པ་ལས། ཡུད་ཙམ་ཞིག་བྱུང་བ་ཡིན་གྱིས། འཇ
61b8 པར་གྱུར་པ་མ་ཡིན་ནོ།། དེ་ལཕངས་པའོ་སྙམ་དུ་པ་བསམ་ན།། དགེ་བའི་མངོན་རྟགས་སུ་ནི་རུང་གི། དེ་ལ་འཕགས་པའོ་སྙམ་དུ་བསམས་ན།། ལོག་པའི་ཁམ




iiif viewer powered by OpenSeadragon

61a - 62a

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa