| e-texts navigator |
| Wylie |
60b1 ཕོ་བྲག་ཆན་ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་བཞུང་འཇུགས་པར་ཤེས་པར་བྱོས་ཤིག། ནམ་མཁའ་སྟོང་པར་ནི་ནང་ནས་ཁྱེད་ཀྱིས་སེམས་ལས་སྐྱེས།།
60b2 དཔེར་ན་ནམ་མཁའ་ལས་སྤྲིན་བློ་བུར་ན། འཇིག་རྟེན་ཐམས་ཅད་དེའི་ནང་ན་འདུག་པ་བཞིན་ཏེ། ཁྱེད་ལས་མགའ་ཞིག་གིས་ཡང་དག་པ་འདི་ལ་མ་ཕྱོག་ན།
60b3 ཕྱོགས་བཅུའི་སྟོང་པ་ཐམས་ཅད་ཀྱང་ཞི་ཞིང་བྱང་སྟེ།། ནམ་མཁའི་ཁམས་ཀྱིས་ཡུལ་ཐམས་ཅད་ཅིའི་ཕྱིར་གཡོལ། རབ་ཏུ་གཡོ་བར་མི་འགྱུར། ཕྱོགས་བཅུའི
60b4 ཟག་པ་ཟད་པའི་བྱང་ཆུབ་སེམས་དཔའ་དང་།། དགྲ་བཅོམ་པ་དག་ཁྱེད་བསམ་གཏན་དང་། ཏིང་ངེ་འཛིན་ལ་རྣལ་འབྱོར་སྤྱོད་ན་སེམས་དང་ཞིང་ས་ལེ་བར། དེ
60b5 བཞིན་ཉིད་ལ་རྩེ་གཅིག་གིས་ཏིང་ངེར་འགྱུར་ན། བདུད་གྱིས་རྒྱལ་པོ་ཐམས་ཅད་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། སེམས་ཅན་མ་རབས་ལ་སོག
60b6 བའི་ཁང་ཁྱིམ་ཀུན་ནི་རྙིག་ས་ཆེན་པོ་ནི་རབ་ཏུ་གཡོ་བར་འགྱུར་རོ།། སྐམ་ལ་གནས་པ་དང་། ནམ་མཁའ་ལ་ཕུར་བ་དེ་དག་ཁྱེད་ལ་སོགས་པས་ཅིའི་ཕྱིར
60b7 བརྙིལ་ཅིང་གཡོ་བར་འགྱུར། ལྷ་མ་ཡིན་དང་། ཡིད་བཏགས་དང་། ལྷའི་བདུད་དག་ཞེ་སྡང་ཆེར་གཡོ་བ་ཡང་ཡོད་དོ།། ཁྱེད་བསམ་གཏན་བསྒོམ་པའི་ཐད་དུ་འོངས
60b8 ནས། གནོད་པ་སུ་བྱས་སུས་ཟིན་ཀྱང་།། མཚན་མའི་དྲིས་མ་ལ་མགམ་པའི་ནང་ནས། ཁྱེད་ཀྱིས་ཚོར་བའི་སྙིང་པོར་བཏུགས་ནས།། དེའི་ཕྱིར་འོད་བ་རླུངས་གིས་ཕོག་པ