| e-texts navigator |
| Wylie |
60a1 བཅམ་པ་ལ་ཡང་ཕྱི་མི་ལུས་ལྡན་ཏ་ཞེས།། བསྐུར་བ་བཏབས་ནས་མཚམས་མེད་པའི་དམྱལ་བར་བྱུང་།། བྱང་ཙམ
60a2 ལེགས་པར་སེམས་ལ་ཡིད་ལ་བགྱིས་ཤིག་དང་། ངས་ད་ཁྱོད་ཀྱིས་ཕྱིར་ཞིང་དུ་བྱེ་བྲག་དབྱེའོ།། དེ་སྐད་ཅེས་བཀའ་བསྔལ་པ་དང་།། དགའ་བོ་བསྟན་ལས་ལངས
60a3 པ་དང་། འཁོར་གྱིས་ནང་ནས། སློབ་པ་མཐུན་པ་དག་ཀྱང་རབ་ཏུ་དགའ་ནས། སྤྱི་བོས་བཏུད་ཏེ་ལུས་དང་སེམས་ཤིན་ཏུ་གུས་ཤིང་དང་བས། བཅོམ་ལྡན་འདས་ཀྱིས
60a4 ཐུགས་རྗེར་དགོངས་པ་ལ་སླར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བོ་འཁོར་དང་བཅས་པ་ལ་ཐམས་ཅད་ལ་བཀའ་བསྩལ་པ། ཁྱེད་ལ་སོགས་པར་ཤེས
60a5 པར་བགྱིས་ཤིག། ངོ་བོ་ཉིད་ཀྱིས་ཚོར་བ་དམ་པ་གསལ་བ་དེ་བཞིན་ཉིད་ཀྱིས་སེམས་ཚོར་བར་བརྒྱས་པ་ནི། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། རིགས
60a6 བཅུ་གཉིས་ལས་སྐྱེས་པའི་ཟག་པ་ཅན་གྱིས་འཇིག་རྟེན་པར་ཡང་།། མ་མ་མ་ཡིན་ཞིང་ཐ་མི་དང་མེད་ཀྱིས། ཡང་དག་པ་མ་ཡིན་པའི་འདུ་ཤེས་ཀྱིས་དོན་ནར་པའི་ས
60a7 པ་ལས་ཐིབས་པོ་དང་། སྲེད་པ་འབྲུ་ཞིང་སྐྱེས་སོ།། དེ་ལྟར་བྱུང་ཞིང་ནས། དེའི་ཕྱིར་སྟོང་པར་དེ་བཞིན་ཡོད་པར་འགྱུར་ཏེ། ཐམས་ཅད་དུ་འཁྲུལ་པ་ཡིན་ནོ།།
60a8 འཁྲུལ་པ་ལས་རྫུས་པ་རྒྱུན་མི་ཚོང་བའི་ཕྱིར་འཇིག་རྟེན་འབྱུང་ངོ་།། དེ་ལྟ་བས་ན་ཕྱོགས་བཅུའི་རྡུ་ཕྲ་མོའི་ཞིང་ཁམས་ཀྱང་མི་ཟག་པ་མེད་དོ།། དེ་ལྟ་བུ་ནི་འཁྲུལ་པའི