e-texts navigator
Collection
Volume
Page
Wylie

59b1 བཅུ་པ། བམ་པ་གོང་མའོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལ།། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པའི་སྐུ་གསེར
59b2 གཙེ་མའི་རི་ལྟ་བུ།། དམ་པའི་ཆོས་ཀྱི་གདན་སེང་གེའི་ཁྲི་ལས་སླར་ནུར་ནས། རིན་པོ་ཆེའི་སྐུ་རྟེན་ནསྟེ། དགའ་བོ་ལ་སོགས་པའི་འཁོར་ཐམས་ཅད་ལ་བཀའ་བསྩལ།
59b3 པ། ཁྱོད་ལ་སོགས་པ་སློབ་པ་དང་། མི་སློབ་པ་དང་།། རང་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དེ།། ཚེ་རབ་དམ་པ་བླང་བར་བྱའོ།།
59b4 ངས་ཡང་དག་པར་བསྒྲུབས་པའི་ཆོས་བཤད་ཟིན་ན། ཁྱེད་ཀྱིས་ད་རུངས་ཁོང་དུ་མ་ཆུད་དོ།། ཞི་གནས་དང་ལྷག་མཐོང་བསྐྱེད་དེ། ཕྲ་བའི་ཡང་བདུད་ཀྱིས་ལས་དང་།
59b5 བདུད་ཀྱིས་ཁམས་གསུམ་དུ་སྣང་། ཁྱེད་ཀྱིས་དེ་རིག་པར་མ་ནུས་ན།། སེམས་ཡང་དག་པར་སྦྱངས་པར་མི་བང་འགས་ཏེ།། ལོག་པར་ལྟ་བའི་ལྟུང་བས། ཁྱད་པ
59b6 ནི་ཕུང་པོའི་བདུད་ཀྱིས།། བར་བར་ནི་ལྷའི་བདུད།། བར་བར་ནི་ཡི་དགས་དང་ལྷ་མ་ཡིན་གྱིས་བརླབས་ཏེ།། སྐབས་རྙེད་དོ།། ནང་དུ་སེམས་ཀྱིས་མ་ཚེར་ནས།། རྐུན
59b7 བོ་ལ་བུ་ཡིན་པར་བཟུང་སྟེ། ཡང་དེའི་ནང་པར་ནས་ཆུང་ཤས་ཙམ་གྱིས་ཐོབ་པ་ལ་གྲུབ་སྟེ།། ཆོ་ག་གོ་སྙམ་དུ་སེམས་པ་ནི་བམས་གཏན་བཞི་ལ་ཆགས་པ་དང་མཚུངས
59b8 དོན་མ་སུམས་མེད་པའི་དགེ་སློང་སྟེ། འཕགས་པ་ཐབ་པ་སྙམ་དུ་བསམ་པས་རྫུན་དུ་བྱས་པས། ལྷ་མེ་ཟད་པའི་ཁར་ལུས་ངན་པ་མངོན་དུ་བླང་སྟེ། དགྲ




iiif viewer powered by OpenSeadragon

59a - 60a

Texts on this page

F282 - bcom ldan 'das kyi gtsug gtor chen po de bzhin gshegs pa'i gsang ba sgrub pa'i don mngon par thob pa'i rgyu byang chub sems dpa' thams cad kyi spyod pa dpa' bar 'gro ba'i mdo le'u stong phrag bcu pa las le'u bcu pa