| e-texts navigator |
| Wylie |
56a1 དགའ་བ་བསྐྱེད་ན་རྣམ་སྤྲིན་ཚངས་མེད་བསམ་གྱིས་མི་ཁྱབ་འགྱུར།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས།
56a2 ཚེ་དང་ལྡན་པ་ཀུན་དགའ་བོ་དང་། གྲོང་ཁྱེར་གྱིས་འཚོ་བ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དང་། དགེ་སློང་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར
56a3 བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་གྲོང་ཁྱེར་གྱི་འཚེ་བའི་ཞེས་བྱ་བ་ཐེག་པ་ཆེན་པོའི
56a4 མད། རྫོགས་སྤྲོ།། །། རྒྱ་གར་གྱི་མཁན་པོ་གཉའ་ན་གར་བ་དང་། ལོ་རྩ་བ་བན་དྷེ་ཀླུ་དབང་པོས་བསྒྱུ།། རྒྱ་གར་གྱི་མཁན་པོ་བྱི་དྱའི་ཀར་སིང་ཧ་དང་། ཞུ
56a5 ཆེན་གྱིས་ལོ་ཙ་བ་བན་དྷེ་དེ་ཙན་ཏྲས་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ།། དེ་བ་སུ་ཏྲ།། བེད་སྐད་དུ།། ལྷའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས
56a6 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་མགོན
56a7 མེད་ཟས་སྦྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་ཏེ།། དེ་ནས་མཚན་མོ་མི་ཉལ་ཙམ་ན།། ཁྱུ་མདོག་ཤིན་དུ་བཟང་བ་ཞིག། བཅོམ་ལྡན་འདས་གལ་བ་དེར་སོང
56a8 སྟེ་ཕྱིན་ནས།། བཅོམ་ལྡན་འདས་ཀྱིས་ཞབས་མགོ་བོས་ཕྱག་འཚལ་ཏེ།། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་ལྷའི་དེའི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་བྲིས