e-texts navigator
Collection
Volume
Page
Wylie

55b1 དག་བཀའ་བསྩལ་ཏོ།། སྟོབས་བཅུ་ལྡན་པ་མཆོད་ཕྱིར་ཟངས་ཆེན་ཕྲག་སྟོང་གསལ་རྒྱལ་གྱིས།། མར་མེ་བཟང་པོ་སྦར་བར་དཔག་ཚད་བཞིར་ནི་ཀུན་ཏུ་སྣང་།
55b2 གྲོང་ཁྱེར་འཚོ་བའི་འབྲས་བུ་མ་སྲན་མགྲེའུ་སྦྱར་སྦར་བའི།། འཛམ་གླིང་སྣ་བས་ཁྱབ་གྱུར་དེ་ནི་བྱང་ཆུབ་སེམས་ཀྱིས་མཐུས།། མོའུ་བགལ་གྱི་ནི་མར་མེ་བསད་འདོད་རྫ
55b3 འཕྲུལ་རྒྱ་ཆེན་བྱས། རྣམ་པར་མཐོར་བའི་རླུང་གིས་ཤུགས་བཏང་བསད་པར་འང་མ་ནུས།། ཚངས་པའི་འཇིག་འདུག་ནས་ཆུ་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ།། ཕབ
55b4 ཀྱང་བསད་པར་མ་ནུས་མར་མེ་ཉི་མའི་འོད་བཞིན་སྣང་། དེ་ནི་ཞག་བཞི་ཁ་འཆོས་རྒྱལ་བྱེད་དགའ་བའི་ཚལ་དུ་འོངས།། དགའ་བའི་སེམས་ཀྱིས་བདེ་གཤེགས
55b5 ཞབས་ལ་ཕྱག་བྱས་ཐལ་སྦར་འདུག། མཉམ་མེད་འཛུམ་པ་མཛད་པས་ཀུན་དགའ་བོ་ཡང་རབ་དགའ་ནས།། གཟི་བརྗིད་མཐའ་ཡས་འཛུམ་པ་མཛད།།
55b6 འདིའི་འབྲས་ཅི་འདྲ་གསུངས།། དགའ་བྱེད་འདི་ནི་བསྐལ་པ་ཉི་ཤུ་རྩ་བརྒྱད་ན་ཡང་རྒྱལ་བར་འགྱུར།། རང་འབྱུང་ཀུན་སྣང་ཞེས་བྱ་འོག་གིས་སྟོང་ཆེན་བཞི་སྣང་བྱེད
55b7 མ་འོངས་དུས་ན་བདེ་བར་གཤེགས་པ་བྱེ་བ་མཆོད་པར་གྱུར། དེ་ནི་ཀུན་ཏུ་འཁོར་ལོས་བསྒྱུར་འགྱུར་རྒྱལ་རྣམས་བསྐུ་སྟེར་བྱེད།། སངས་རྒྱ་རྟོགས་པ་བརྗོད་པའི་མིང
55b8 ནི་དང་རྣམས་རབ་དགའ་བྱེད།། སྐྱེས་པོ་མཁས་པ་དག་གིས་དེ་ཐོས་སེམས་ཀྱང་རབ་ཏུ་དགང་།། དེ་ལྟར་རྒྱལ་བ་བསམ་ཡས་སྟོབས་བཅུ་ཡི་ཆོས་ཀྱང་བས་མི་ཁྱབ་པ།




iiif viewer powered by OpenSeadragon

55a - 56a

Texts on this page

F277 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo