e-texts navigator
Collection
Volume
Page
Wylie

55a1 དང་། དངུལ་གྱིས་ཁ་དོག་ལྟ་བུ་དག་འབྱུང་བར་གྱུར་ཏོ།། འཇིག་རྟེན་གྱིས་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱ
55a2 པར་བྱས་ནས།། ཚངས་པའི་འཇིག་རྟེན་གྱིས་བར་དུ་སོང་སྟེ།། ཟླ་བ་དང་། ཉི་མའི་འོད་ཀྱིས་ཟིལ་གྱིས་གནན་ནས་སླར་ཡང་ལོག་སྟེ།། བཅོམ་ལྡན་འདས་ལ
55a3 ལན་གསུམ་བསྐོར་བ་བྱས་ནས།། བཅོམ་ལྡན་འདས་ཀྱིས་དབུའི་གརྫོག་ཏོར་དུ་ནུབ་པར་གྱུར་ཏོ།། དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན
55a4 འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱིས་དབུའི་གཙུག་གཏོར་དུ་མི་སྣང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས
55a5 ཚིགས་སུ་བཅད་དེ་གསོལ་པ། རྒྱལ་མཆོག་རྣམ་པར་འདྲེན་པ་གང་ཟག་མཆོག། རྒྱུ་མེད་པར་ནི་འཛུམ་པ་མི་འཛད་ན།། ཅིའི་ཕྱིར་ན་ཞལ་ནི་འཛུམ་འཛད་པ།
55a6 འཇིག་རྟེན་ཕན་པ་ཐུགས་རྩེས་བདག་ལ་གསུངས།། བཅོམ་ལྡན་ཀྱིས་བཀའ་བསྐུལ་པ། ཀུན་དགའ་བོ་གྲོང་ཁྱེར་གྱིས་མཆེ་བ་འདི།། བསྐལ་པ་ཉི་ཤུ་རྩ་བརྒྱད
55a7 ཀྱིས་བར་དུ། ངན་འགྲོ་ལོག་པར་ལྟུང་བར་བར་འགྲོ་བར་མི་འགྱུར་ཏེ། རྟག་ཏུ་ལྷ་དང་། མི་ཕུན་གསུམ་ཚོགས་པ་དག་ཉམས་སུ་མྱོངས་དེ་བཞིན་གཤེགས་པ
55a8 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་བ་ཞེས་བྱ་བར་འགྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི




iiif viewer powered by OpenSeadragon

54b - 55b

Texts on this page

F277 - 'phags pa grong khyer gyis 'tsho ba zhes bya ba theg pa chen po'i mdo