| e-texts navigator |
| Wylie |
54b1 བསད་པར་བྱས་ན་མ་ནུས་སོ།། དེ་ནས་ཚེ་དང་ལྡན་པོ་མོའུ་བགལ་གྱིས་བུ་ཆེན་པོས་རྣམ་པར་འཐོར། རླུང་གིས་བསད་པར་བྱས་ཀྱང་བསད་པར་མ་ནུས་སོ།།
54b2 དེ་ནས་ཚེ་དང་ལྡན་པ་མོའུ་བགལ་གྱིས་བུ་ཆེན་པོས་ཚངས་པའི་འཇིག་རྟེན་འདུག་ནས།། སྟོང་གསུམ་འདིར་ཤིང་ཙམ་གྱིས་ཆར་གྱིས་རྒྱུན་དབབ་པར་བྱིན་གྱིས་རླབ
54b3 ཏེ། མར་མེ་དེའི་སྟེང་དུ་བཏང་ཡང་བསད་པར་མ་ནུསོ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ།། མེའུ་བགལ་གྱིས་བུ་མཐོང་ཤིག། མར་མེ་འདི་ནི་བྱང
54b4 ཆུབ་ཀྱི་སེམས་ཀྱིས་སྦར་པ་ཡིན་ལ། བྱང་ཆུབ་ཀྱིས་སེམས་ནི།། ཉན་ཐོས་ཀྱིས་ཟིལ་ཀྱིས་གནོན་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན།། ཐམས་ཅད་མཁྱེན་པ་ཉིད
54b5 ཀྱིས་སེམས་ནི།། ཉན་ཐོས་དང་རང་རྒྱས་ཐམས་ཅད་ཀྱིས་ཟིལ་ཀྱིས་གནན་དུ་མེད་པའི་ཕྱིར་རོ།། དེ་ནས་རེ་ཤིག་ན་བུད་དེ་ཉི་མ་ཤར་ཏེ།། གྲོང་ཁྱེར་ཕྱིར་འོངས
54b6 ནས་དེས་ཤིན་དུ་འབར་བ་མཐོང་བ་དེ་མཆོག་ཏུ་དགའ་བ་ཆེན་པོས་རྒྱས་པར་གྱུར་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས།། དེའི་ཚེ་འཛུམ་པ་མཛད་དོ།། སངས་རྒྱས
54b7 བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཉིད་ནི་འདི་ཡིན་ཏེ།། གང་གིས་ཆེ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ།། སངས་རྒྱས་བཅོམ་ལྡན་འདས
54b8 རྣམས་ཀྱིས་ཞལ་གྱིས་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་དུ་མ་འདི་ལྟ་སྟེ།། སྔོན་པོ་དང་སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གཅོད་ཀ་དང་། ཤེལ