| e-texts navigator |
| Wylie |
54a1 བཅོ་ལྔ་ལ། འབྲུ་མར་གྱིས་བཟང་པོ་ཆེ་སྟོང་བཀངས་སྟེ།། དང་ར་ནས་མར་མེ་སྦར་འོད་ཀྱིས་ཁོ་ར་ཁོར་ཡུག་དུ་དཔག་ཚད་བཞིར་སྣང
54a2 བས་ཁྱབ་པར་བྱས་སོ།། དེ་ནས་ཡང་དེའི་ཚེ་མཉན་ཡོད་ཀྱིས་གྲོང་ཁྱེར་ཆེན་པོ་ན། དགའ་བྱེད་མ་ཞེས་བྱ་བ་གྲོང་ཁྱེར་གྱིས་འཚོ་བ་ཞིག་འདུག་གོ།། འབྲུ་མར་སྲན
54a3 གྲེའུ་སྦར་བ་ཉོས་ན། ཞག་བཞི་ཁ་འཚོ་སྟེ། ཉམས་ཆུང་བར་གྱུར་ཏོ།། དེ་ནས་འབྲུ་མར་དེ་ཁྱེར་ནས།། རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་དུ་སོང་སྟེ། ཁྱམས་ཀྱིས
54a4 ནད་ལོགས་སུ་མར་མེ་སྦར་ཏེ་ཞགས་ཏེ། འདི་ལྟར་སེམས་བསྐྱེད་དེ། བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདིས།། མ་འོངས་པའི་དུས་ན། ཇི་ལྟར་ད་ལྟར
54a5 གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་བ་བཞིན་དུ་བདག་མ་འོངས་དུས་ན་སྟོང་པར་གྱུར། ཆོས་སྟོན་པར་གྱུར་ཅིག
54a6 དགེ་འདུན་ཡང་སྡུད་པར་གྱུར་ཅིག། ཅེས་བྱས་སོ།། འདི་ལྟར་ཡང་སེམས་བསྐྱེད་དེ།། གལ་ཏེ་བདག་མ་འོངས་པའི་དུས་ན།། སངས་རྒྱས་སུ་འགྱུར་པ་ཞིག
54a7 ན། མར་མི་འདི་བདག་ཕྱིར་མ་འོངས་ཀྱིས་རབ་དུ་འབར་བར་གྱུར་ཅིག། ཅེས་བྱས་ནས་མར་མེ་སྦར་ནས་གྲོང་ཁྱེར་དུ་སོང་ན།། མར་དེའི་འོད་ཀྱིས་འཛམ་བུའི་གླིང་ཐམས
54a8 ཅད་སྣང་བར་གྱུར་ཏེ།། ནམ་ལང་ལང་གྱི་བར་དུ་ཡང་མར་མེ་དེ་མ་ཤིའོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱིས་བུ་ཆེན་པོས་གོས་ཀྱིས་ཐམས་ཅད་མར་མེ་བྱས