| e-texts navigator |
| Wylie |
53b1 ནག་པའི་རིགས་ཀྱང་དང་འགྱུར་ན།། མཁས་པ་སུ་ཞིག་དང་མི་འགྱུར།། དེ་ཕྱིར་འདིར་དག་བདག་ཉིད་ཆེ།། འདོད་ཅིང་བདག་ལ་ལེགས་འདོད་པས།
53b2 སངས་རྒྱས་བསྟན་པ་དྲན་བཞིན་དུ།། དམ་པའི་ཆོས་ལ་གུས་པར་བྱོས།། །། འཕགས་པ་བྱམས་པ་ལུང་བསྟན་པ་རྫོགས་སྷོ།། །
53b3 རྒྱ་གར་སྐད་དུ། ཨརྱ་ག་ར་ཨ་པ་ལམ་བི་ཀཱ་ན་མ་མ་ཧཱ་ཡ་ན་སུ་ཏྲ།། བོད་སྐད་དུ།། འཕགས་པ་གྲོང་ཁྱེར་གྱིས་མཚོ་བ་ཞེས་བྱ་ཐེགས་པ
53b4 ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འད
53b5 མཉན་ཡོད་ན།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན།། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་།།
53b6 ནམ་མཁའ་ལྡིང་དང་།། མི་འམ་ཅི་དང་ལྟེ་འཕྱེ་ཆེན་པོ་དང་།། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་བསྐྱོང་པོ་དང་། རྒྱལ་པོ་དང་། བློན་པོ་དང་། བྱང
53b7 ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་སྙེན་དང་། དགེ་སྙན་མ་རྣམས་ཀྱི་བཀུར་སྟིར་བྱས། བླ་མར་བྱས། མཆོད་ཅིང་བརྗོད་དེ།
53b8 པད་མ་ཆུའི་མགོས་པ་བཞིན་བཞུགས་སོ།། དེ་ནས་དེའི་ཚེ། རྒྱལ་པོ་གསལ་རྒྱལ་གྱིས། དེ་བཞིན་གཤེགས་པ་ལ། མཆོད་པའི་སྟོན་ཟླ་ཐ་ཆུང་ཉེའི་ཆོས