| e-texts navigator |
| Wylie |
34b1 ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར། དེ་ནས་སྲིང་མོ་རྡུལ་དང་བྲལ་བ་འཁོར་དེར་འདུས་པར་འགྱུར་ཏེ། འདུག་པ་དེ་སྟན་ལས་ནས་ལྷག་པའི་བསམ་པས་ཚིག་འདི་སྐད་ཅེས་བཅོམ་ལྡན
34b2 འདྲེས་བདག་གིས་ཀྱང་ལྷག་པའི་བསམ་པས་ཕྲ་དོག་དང་། སེར་སྣ་སྤངས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིད་པར་བགྱིའོ།།
34b3 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་གསུང་པ་ལགས། བཅོམ་ལྡན་འདས་གལ་ཏེ་བདག་སངས་རྒྱས་སུ་འགྱུར་ཞིང་བུད་མེད་གཞིན་དག་གིས་ཆོས་ཀྱི་རྣམ་གྲངས་འདི
34b4 ཐོས་ནས་ཐོས་པའི་མོད་ལ་བུད་མེད་ཀྱི་དངོས་པོ་ལས་འགྱུར་བ་ལྷ་ན། སྐྱེས་པའི་དབང་པོ།། བཅོ་ལྡན་འདས་དེའི་སླད་ཏུ། ཕུང་པོ་འདི་ཉིད་ལ་བུད་མེད་ཀྱི་དབང་པོ་མི་གདའ་བར
34b5 འགྱུར་ཏེ། སྐྱེས་པའི་དབང་པོ་བྱུང་བར་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་སྲིང་མོ་དེ་ཉིད་ཏུ་བུད་མེད་ཀྱི་དབང་པོ་མི་སྣང་བར་གྱུར་ཏེ། སྐྱེས་པའི་དབང་པོ་བྱུང་བར་གྱུར་ཏེ།
34b6 དེ་ནས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
34b7 རྒྱས་ཉོན་མོངས་པ་ཐམས་ཅད་ག་པ་ཞེས་ལུང་བསྟན་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོ་དང་།
34b8 དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་མང་བ་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས