e-texts navigator
Collection
Volume
Page
Wylie

34a1 དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དབྱངས་གཅིག་ཏུ་ཚིག་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་བདག་གིས་ཀྱང་མདོ་སྡེ་འདི་ལྟ་བུ་བླང་བར
34a2 བགྱི། གཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས
34a3 དཔའ་པད་མའི་དཔལ་གྱི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། པད་མའི་དཔལ་གྱི་སྙིང་པོ་ཆོས་ཀྱི་རྣམ་གྲངས་འདི་བུད་མེད་ཀྱིས་ཐོས་མ་ཐག་ཏུ་བུད་མེད་ཀྱི་དངོས་པོ་ལས
34a4 འགྱུར་ཏེ། རྒྱུ་གཉིས་མ་གཏོགས་པ་ནི་འདི་ལྟ་སྟེ།། ཕྲ་དོག་དང་། སེར་སྣའོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། མི་འཇེད་ཀྱི་བདག་པོ་ཚངས་པ་དང་། རྒྱལ་པོ་ཆེན
34a5 པོ་བཞི་དང་། ལྷའི་བུ་བརྒྱ་སྟོང་དུ་མ་དག་གིས་ལྷའི་མེ་ཏོག་མན་ད་ར་བ་དག་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་མངོན་པར་གཏོར་ཏོ།།
34a6 ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་བསིལ་ནས་ཚིག་འདི་སྐད་ཅེས་འཛེར་ཏོ།། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲགས་པ་དག་ལེགས་པར་སྟོན་ནས་འཛིན་པ་དང་།
34a7 གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་སེམས་ཅན་འདི་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི
34a8 བུ་དག་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་འདུག་པ་དང་། གང་དག་ཐོས་ནས་མོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་སངས་རྒྱས་ཁྲི




iiif viewer powered by OpenSeadragon

33b - 34b

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo