e-texts navigator
Collection
Volume
Page
Wylie

33b1 བསོད་ནམས་ཀྱི་ཕུང་པོ་མང་དུ་ཕེལ་ལམ། གསོལ་པ། སེམས་ཅན་གཅིག་ལ་ཡང་སེ་གོལ་གཏོགས་པ་ཙམ་ཞིག་བྱམས་པའི་སེམས་ཀྱིས་ཁྱབ་པར་བགྱིས་ན། དེ་ཙམ་གྱི
33b2 ཀྱང་བསོད་ནམས་མང་དུ་བསྐྱེད་ན། བསྐལ་པ་བྱེ་བྱ་མཐའ་ཡས་མུ་མ་མཆིས་པར་སེམས་ཅན་ཐམས་ཅད་བཟུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར
33b3 བགྱིས་པ་ལྟ་སྨོས་ཀྱང་ཅི་འཚལ། བཀའ་སྩལ་པ། པད་མའི་དཔལ་གྱི་སྙིང་པོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ།། གང་དེ་བཞིན་གཤེགས་པས
33b4 གསུངས་པའི་མདོ་སྡེ་འདི་ལྟ་བུ་འདི་བྱང་ཆུབ་སེམས་དཔའ་ལ་གནས་ཏེ། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར
33b5 ཡང་དག་པར་རབ་ཏུ་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་ཞུགས་པ་མོས་པ་མང་བ་དག་བཞི་དེ་ལས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ།། དེ་ནས་བཙོ
33b6 ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མདོ་སྡེ་འདི་ལྟ་བུ་འདི་དེ་བཞིན
33b7 གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་ཀྱང་། བདག་གིས་བླང་བར་བགྱི། བཟུང་བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། གཞན
33b8 དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ།། དེ་ནས་བྱང་ཆུབ་སེམས་དཔའ་པད་མའི་དཔལ་གྱི་སྙིང་པོས་ཚིག་འདི་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས




iiif viewer powered by OpenSeadragon

33a - 34a

Texts on this page

F274 - 'phags pa sgyu ma lta bu'i ting nge 'dzin zhes bya ba theg pa chen po'i mdo